e-texts navigator
Collection
Volume
Page
Wylie

344a1 ཤཱ་རིའི་བུ་དེ་ལྟ་བས་ན། ལུས་འདི་ལ་མངོན་པར་དགའ་བར་མི་བྱ། ལྷག་པར་ཆགས་པར་མི་བྱའོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ
344a2 བར་གཤེགས་པས་དེ་སྐད་གསུངས་ནས། དེ་བཞིན་དུ་སྟོན་པས་གཞན་ཨང་འདི་སྐད་ཅེས་བཀའ་སྩལ་ཏོ།། ལུས་ནི་མི་གཙང་ལས་བྱུང་སྟེ།། རྟག་ཏུ་སྲོག་ཆགས་རྣམས་ཀྱང་གནས།།
344a3 གཅིན་དང་དྲུག་པས་རབ་གང་ན།། དེ་ལ་བྱིས་པ་རབ་ཏུ་ཆགས།། དགེ་སློང་བ་དང་དགེ་སློང་མ།། དགེ་བསྙེན་པ་དང་དགེ་བསྙེན་མ།། འདི་ཐོས་ནས་ནི་འདོད་ཆགས་འབྲལ།། འདོད
344a4 ཆགས་བྲལ་ནས་རྣམ་པར་གྲོལ། ། ཆོས་དང་ལྡན་པ་རྣམས་ལ་ནི།། ཉེས་པ་འདི་དགངས་མ་བསྟན།། གང་དག་འདོད་ལ་ཡོངས་སྤྱོད་པ།། དེ་དག་ལ་ནི་སྐྱོན་རྣམས་བཤད།།
344a5 སངས་རྒྱས་ཀྱིས་ནི་བསྟན་པ་བཞིན།། བུད་མེད་མཐོང་ན་སུ་རྟོག་སྟེ།། ཡང་དག་བསྐུལ་བ་ཤེས་ནས་སུ།། མཁས་པ་དེ་དག་རྟོག་མི་བྱེད།། བཅོམ་ལྡན་འདས་ཀྱི་དེ་སྐད་ཅེས་བཀའ
344a6 སུམ་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཡི་རང་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།
344a7 འཇིགས་པ་ཆོས་ཀྱི་ཕུང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་བྲང་ཛཱ་བར་མ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་ནེ་ཡེ་ཤེས་སྡེས་པའགྱུར་གྱི




iiif viewer powered by OpenSeadragon

343b - 344b

Texts on this page

S114 - 'phags pa chos kyi phung po zhes bya ba theg pa chen po'i mdo