| | e-texts navigator
|
343b1 སྲིན་དུ་ཟད་པར་བྱེད་པ་དཔའ་བ་ཞེས་བྱ་བ་དེ་དག་ཡོད་དེ། དེ་དག་སྲིན་བུ་རབ་ཏུ་ལྡག་བྱེད་ཅེས་བྱ་བ་དག་བསད་ནས་ཟའོ།། དེ་དག་སྲིན་བུ་རབ་ཏུ་ལྡག་བྱེད་དེ་དག་མ་རྙེད་ན་དེ་དག་ཀྱང་འཆིའོ།།
343b2 སྲིན་བུའི་ཚོགས་དེ་གཉིས་ཀ་ཤི་སྟེ་མེད་པ་དང་། ཕ་མ་འདུས་པ་ལས་མངལ་ཆགས་པར་འགྱུར་རོ།། ཤཱ་རིའི་བུ་བུད་མེད་ལུས་ལ་ལུས་ཀྱི་ནང་སྐྱེ་གནས་ཀྱི་སྒོ་ན་སྲིན་བུའི་ཚོགས་བཞི
343b3 ཡོད་དོ། ། འདི་ལྟ་སྟེ། མཆུ་མཆོག་ཅེས་བྱ་བ་དང་། གོང་བུ་སྦེད་ཅེས་བྱ་བ་དང་། རླུང་འབྱིན་ཅེས་བྱ་བ་དང་། འདོད་ལེན་ཅེས་བྱ་བ་དང་། དེ་དག་རྟག་ཏུ་རྒྱུན་མི་འཆད
343b4 པར་བུད་མེད་ཀྱི་ལུས་ལ་ཟ་བ་སྟེ། དེས་ན་བུད་མེད་ཉོན་མོངས་པ་རྣམས་ཀྱིས་ཤིན་ཏུ་འབར་བར་བྱེད་དེ། འདོད་པ་ཡོངས་སུ་སྤྱད་པས་མི་ངོམས་པ་ཡིན་ནོ།། དེ་ལྟ་བས་ན།
343b5 དེ་བཞིན་གཤེགས་པས་བུད་མེད་ཀྱི་སྐྱོན་ཆེས་ལྷག་པ་དེ་དག་མཁྱེན་ནས། བསླབ་པའི་གཞི་ལྷག་པ་དག་བཅའ་བར་མཛད་དོ།། ཤཱ་རིའི་བུ་ཆོས་ཀྱི་ཕུང་པོའི་ཆོས་ཀྱི་རྣམས་གྲངས་འདི
343b6 ཡང་དང་ཡང་དུ་འཁོར་བཞི་པོ་དག་ལ་སྟོན་ཅིག། དེ་ཅིའི་ཕྱིར་ཞེ་ན། འདོད་པ་རྣམས་ནི་སྨད་པར་བྱ་བ་ཡིན་པར་ཤེས་པར་འགྱུར། ལུས་ནི་སྨད་པར་བྱ་བ་ཡིན་པར་ཤེས་པར་འགྱུར་བའི་ཕྱིར་རོ།། །
343b7 ཤཱ་རིའི་བུ་དེ་ལྟར་ལུས་འདི་བཅོས་མ་ཡིན་པར་ཤེས་ནས་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་མ་གཏོགས་པར་སུ་ཞིག་འདོད་པ་རྣམས་ལ་བསྟན་པར་བྱེད་དེ། དེ་ནི་གནས་མེད་དོ།།
iiif viewer powered by OpenSeadragon
343a - 344a