e-texts navigator
Collection
Volume
Page
Wylie

342a1 འདི་ལྟ་སྟེ་དཔེར་ན། ཁྱི་རོ་མི་གཙང་བ་རུལ་པ་དྲི་བའོ།། མདོག་མི་སྡུག་ཅིང་སྔོ་ལ། བགསུ་པ་ཆགས་པ། སྲོག་ཆགས་ཀྱིས་ཡོངས་སུ་གང་བུ་ཞིག་ལཱམ་ཀ་ནཱ་སྱཱད་ལཱ།
342a2 དེའི་སྟེང་དུ་ཆར་པ་ཡང་བ་བ.རིང་། དེ་རླུང་གིས་ཀྱང་ཀུན་ནས་བཏབ།། དེར་མི་རྣམས་ཀྱང་ཀུན་ནས་འཁོར་བར་གྱུར་ཏེ་དེ་དག་གིས་དྲི་དེ་ཚོར་ན། ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས་མི་དེ་དག་དྲི་མི་ཞིམ
342a3 པ་དེ་སྣོམ་པར་བྱེད་དམ། འོན་ཏེ་མི་སྣོམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ།། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ
342a4 ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། ཁྱི་རོ་དེ་ལ་རེག་པར་བྱེད་དམ། སྐྱོད་པར་བྱེད་དམ། མངོན་པར་དགའ་བར་བྱེད་ན། དེ་སྐྱེ་བོ་མང
342a5 པོས་བསྔགས་པར་བྱེད་པ་ཡིན་ནམ། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་མི་དེ་ནི་བལྟ་བར
342a6 དཀའ་སྟེ། དེ་ལ་བསྔགས་པར་ག་ལ་བགྱིད། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཤཱུ
342a7 རིའི་བུ་ཁྱི་རོ་དེ་ལ་འཁྱུད་པར་བྱེད་པ་འམ། སྤྱོད་པར་བྱེད་པ་འམ། མངོན་པར་དགའ་བའི་མི་དེ་ལ་ནི། དེ་བཞིན་གཤེགས་པ་བསྔགས་པ་མཛད་ཀྱི། གང་ཞིག་བུད་མེད་ཡུལ་གྱི




iiif viewer powered by OpenSeadragon

341b - 342b

Texts on this page

S114 - 'phags pa chos kyi phung po zhes bya ba theg pa chen po'i mdo