| | e-texts navigator
|
341a1 ནི་རང་གིས་བྱས་པའོ། ། ཤཱ་རིའི་བུ་རྣམ་པར་བྱང་བ་དང་། རྣམ་པར་ཞི་བ་གང་ཞེ་ན། ཤཱ་རིའི་བུ་རྣམ་པར་བྱང་བ་དང་། རྣམ་པར་ཞི་བ་ནི་རང་གིས་བྱས་པའོ།། ཤཱ
341a2 རིའི་བུ་ཀུན་ནས་ཉོན་མོངས་པ་ནི་གང་། རང་གིས་བྱས་པ་ནི་གང་ཞེ་ན། ཆོས་སུ་འདུ་ཤེས་པ་ལ་མངོན་པར་ཞེན་པ་གང་ཡིན་པའོ།། ཆོས་སུ་འདུ་ཤེས་པ་ལ་མངོན་པར་ཞེན་པ་གང་ཞེ་ན།
341a3 འདི་ལྟ་སྟེ། སྐྱེ་བར་འདུ་ཤེས་པ་དང་། འགག་པར་འདུ་ཤེས་པ་དང་། བདག་ཡོད་པ་དང་མེད་པར་བདག་ཏུ་འདུ་ཤེས་པ་ལ་མངོན་པར་ཞེན་པ་ཡོད་དོ།། དེ་བཞིན་གཤེགས་པས་ཆོས
341a4 ཀྱི་ཕུང་པོ་ཞེས་བཀའ་སྩལ་ཏོ། ། ཤཱ་རིའི་བུ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ནི་ལོང་བ་ཡིན་ཏེ། གཟུགས་ཀྱི་ཕུང་པོའོ་ཞེས་རློམས་སེམས་སུ་བྱེད་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད
341a5 རྣམས་དང་། རྣམ་པར་ཤེས་པའི་ཕུང་པོའོ་ཞེས་རློམ་སེམས་སུ་བྱེད་དེ་རློམ་སེམས་བྱེད་ན་འཆིང་ངོ་རློམ་སེམས་སུ་མི་བྱེད་ན་གྲོལ་ལོ།། ཤཱ་རིའི་བུ་རློམ་སེམས་སུ་བྱེད་པ་གང་ཡིན་པ
341a6 དེ་ནི། གཟུགས་ཀྱི་ཕུང་པོར་འགྱུར་རོ།། ཤཱ་རིའི་བུ་བཅུ་པོ་འདི་དག་ནི་ཚུལ་ཁྲིམས་འཆལ་པའི་འཆལ་པའི་ཚུལ་ཁྲིམས་ཀྱི་ས་པ་ཡིན་ཏེ། བཅུ་གང་ཞེ་ན། འ་ཚུལ་ཁྲིམས་འཆལ་པ་ནི་འཆི་བའི
341a7 དུས་ཀྱི་ཚེ་གདུངས་པར་འགྱུར་བ་དང་། དགེ་སློང་ཚུལ་ཁྲིམས་ཉམས་པ་འགྱོད་པར་འགྱུར་བ་དང་། མནར་མེད་པར་འགྲོའོ་ཞེས་འཁོར་གྱི་ནང་ན་འདུག་ན་སྐྲག་པ་དང་། བདག་ཉིད་ཚུལ་ཁྲིམས
iiif viewer powered by OpenSeadragon
340b - 341b