| | e-texts navigator
|
336b1 ། རྒྱ་གར་སྐད་དུ། ཨརྱ་དྷ་རྨ་སྐན་དྷོ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏཱ། བོད་སྐད་དུ། འཕགས་པ་ཆོས་ཀྱི་ཕུང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ
336b2 ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་སེར་སྐྱའི་གནས་ནས་ཤིང་ནྱ་གྲོ་དེའི་ཀུན་དགའ་ར་བ་ན། དགེ་སློང་ལྔ་བརྒྱ་ཐམ་པའི་དགེ་སློང་གི་དགེ
336b3 བདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང་། ཚེ་དང
336b4 ལྡན་པ་ཀུན་དགའ་བོ་དང་། ཚེ་དང་ལྡན་པ་སྒྲ་གཅན་ཟིན། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག
336b5 ཐ་འོ། ། རྒྱམས་པཅོམ་ཏུ་འདུན་ནས། དང་ལྡན་པ་ཤཱ་འི་ཟས། བཅོམ་ལྡན་འདས་མ་ག་ས་གསལ་ཏོ།། སས་ལྡན་འདས་ཆོས་ཀྱི་སྲུང་པོ་ཞེས་བགྱིན། དེ་བའི
336b6 གཤེགས་པས་ཆོས་ཀྱི་ཕུང་པོའི་ཚད་ཇི་ཙམ་གྱིས་ཆོས་ཀྱི་ཕུང་པོ་ཞེས་དཀའ་སྩལ། ཆོས་ཀྱི་ཕུང་པོ་ཇི་ཙམ་ཞིག། ཆོས་ཀྱི་ཕུང་པོ་ནི་གང་ལགས། དེ་སྐད་ཅེས་གསོལ་པ་དང་།
336b7 བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཤཱ་རིའི་བུ་དེ་བཞིན་གཤེགས་པས་ཆོས་ཀྱི་ཕུང་པོ་ནི་བརྒྱད་ཁྲི་བཞི་སྟོང་དུ་གསུངས་ཏེ། ཤཱ་རིའི་བུ་དེ་ལ་ཆོས
iiif viewer powered by OpenSeadragon
336a - 337a