| | e-texts navigator
|
336a1 དག་ཆོས་ཀྱི་རྣམ་གྲངས་འདི་ནི། ཀླུའི་རྒྱལ་པོ་རྒྱ་མཚོའི་གནས་དང་། བརྒྱ་བྱིན་གྱི་གནས་དང་། ཀླུའི་རྒྱལ་པོ་མ་དྲོས་པའི་གནས་སུ་སྤྱོད་པར་འགྱུར། དེའི་འོག་ཏུ་འཛམ
336a2 བུའི་གླིང་དུ་སྤྱོད་པར་འགྱུར་ཏེ། སེམས་ཅན་གང་དག་སངས་རྒྱས་ཀྱིས་ཡོངས་སུ་བཟུང་བ་དང་། བྱང་ཆུབ་སེམས་དཔས་ཡོངས་སུ་གཟུང་བར་འགྱུར་བ་དང་དྲང་བ་གཡོ་མེད་པ་དེས་པ་ཆོས་ཟབ་མོ
336a3 ལ་མོས་པ་དེ་དག་གི་ལག་ཏུ་འགྲོ་བར་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་རྩོམ་པ་མེང་དང་། བྱང་ཆུབ་སེམས་དཔའ་བློ་གྲོས་རྣམ་པར
336a4 གནོན་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་དང་། ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟར་བཅས་པའི་འཇིག་རྟེན་ཡི་རང་ནས། བཅོམ་ལྡན་འདས་ཀྱིས་གསུངས
336a5 པ་ལ་མངོན་པར་བསྟོད་དོ། ། འཕགས་པ་ཆོས་ཡང་དག་པར་སྡུད་པ་སྟོང་ཕྲག་བརྒྱ་པའི་མདོ་ལས་རྩོམ་པ་མེད་ཀྱི་ལེའུ་སྟེ་བཅུ་གཉིས་པ་རྫོགས་སོ།། །། རྒྱ་གར་གྱི་མཁན
336a6 པོ་མཉྫུ་ཤྲཱི་གརྦྷ་དང་བི་ཛ་ཡ་ཤཱི་ལ་དང་ཤཱི་ལེན་དྲ་བོ་དྷེ་དང་། ཞུ་ཆེན་གྱི་ལོ་ཙ་བ་བན་དྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ། སྐད་གསར་ཅད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པའོ།།
336a7 ། ཆོས་ཀུན་བགྲོ་བ་དང་འགྱུར་ཁྱད་ཅུང་ཟད་ཙམ་སྣང་སྟེ། མདོ་གཅིག་ཅིང་སྐད་གསར་བཅད་ཡིན་ནོ།། ཐེ་ཙོམ་མི་འཚལ་ལགས།།
iiif viewer powered by OpenSeadragon
335b - 336b