| | e-texts navigator
|
335a1 བར་བགྱིའོ། ། བྱང་ཆུབ་སེམས་དཔའ་དེད་དཔོན་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་སེམས་ཅན་རྣམས་ཀྱི་དོན་དུ་སྡུག་བསྔལ་ཐམས་ཅད
335a2 ལ་སྤྲོ་བ་དང་། གང་ཡང་སེམས་ཅན་རྣམས་སངྱས་ཉིད་ཡང་དག་པར་འཚལ་ཞིང་སེམས་ཅན་ཐམས་ཅད་བསྒྲལ་ནས། སླད་ཀྱིས་བདག་རྒལ་བར་འཚལ་བ་དེ་ཆོས་ཀྱི་རྣམ་གྲངས་དེ་འཛིན་པར
335a3 འགྱུར་ཏེ། བཅོམ་ལྡན་འདས་བདག་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཉིད་ཡང་དག་པར་སྒྲུབ་པར་འཚལ་ལོ།། བཅོམ་ལྡན་འདས་བདག་ནི་སེམས་ཅན་ཐམས་ཅད་བསྒྲལ་ནས། སླད་ཀྱིས
335a4 བརྒལ་བར་འཚལ་ལོ། ། བསྒྲལ་བར་བགྱི་བ་དང་། སྒྲོལ་བ་པོ་དང་། སྒྲལ་བ་ཡང་མི་དམིགས་པར་བགྱིའོ།། བཅོམ་ལྡན་འདས་བདག་ནི་དེ་ལྟ་བུའི་སེམས་དང་ལྡན་པས། ཆོས་ཀྱི་རྣམ
335a5 གྲངས་འདི་གཟུང་བར་བགྱིའོ། ། འཇམ་དཔལ་གཞོན་ནུར་གྱུར་པས་གསོལ་པ། བཅོམ་ལྡན་འདས་གང་འདི་ལྟར་བདག་གིས་དམ་པའི་ཆོས་ཡོངས་སུ་གཟུང་ངོ་སྙམ་པ་འདི་ནི། འཇིག་རྟེན་གྱི
335a6 ཕྱིན་ཅི་ལོག་གོ། ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ནི་རེ་ཤིག་བདག་ཉིད་དུལ་བར་བགྱི། བདག་ཉིད་ཞི་བར་བགྱིའོ།། བདག་ཉིད་དུལ་ཞིང་ཞི་ལ་ཉེ་བར་ཞི་ནས། ཆོས་ཀྱི་ངོ་བོ་ཉིད་ཀྱི
335a7 དམ་པའི་ཆོས་ཡོངས་སུ་གཟུང་བར་ནུས་ཏེ། བཅོམ་ལྡན་འདས་བདག་ནི་དྲག་ཉིད་དུལ་ཞིང་ཞི་ལ་ཉེ་བར་ཞི་ནས། ཆོས་ཀྱི་ངོ་བོ་ཉིད་ཀྱིས་དམ་པའི་ཆོས་ཡོངས་སུ་གཟུང་བར་འགྱིའོ།།
iiif viewer powered by OpenSeadragon
334b - 335b