| | e-texts navigator
|
334b1 ནས་འཆང་བར་འགྱུར་བ་དེ་དག་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྩོམ་པ་མེད་ཀྱི་བྱིན་གྱིས་བརླབས་སུ་རིག་པར་བགྱིའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས
334b2 དཔའ་རྩོམ་པ་མེད་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། རིགས་ཀྱི་བུ་ལེགས་སོ་ལེགས་སོ།། སེམས་དེ་འདྲ་བས་དམ་པའི་ཆོས་ཡོངས་སུ་བཟུང་བར་ནུས་སོ།། བྱང་ཆུབ་སེམས་དཔའ་སྤྱན
334b3 རས་གཟིགས་དབང་ཕྱུག་གིས་གསོལ་པ། བཅོམ་ལྡན་འདས་གང་སྙིང་རྗེ་ཆེན་པོ་དང་མ་བྲལ་བ་དེས། དམ་པའི་ཆོས་ཡོངས་སུ་འཛིན་པར་ནུས་སོ།། བདག་ནི་སྙིང་རྗེ་ཆེན་པོ་ལ
334b4 དམིགས་ནས་ཆོས་ཀྱི་རྣམ་གྲངས་འདི་བཤད་པར་བགྱིའོ། ། བྱང་ཆུབ་སེམས་དཔའ་བྱམས་པས་གསོལ་པ། བཅོམ་ལྡན་འདས་བྱམས་པའི་སེམས་ཀྱིས་དམ་པའི་ཆོས་ཡོངས་སུ
334b5 འཛིན་པར་ནུས་སོ། ། དེ་ཅིའི་སླད་དུ་ཞེ་ན། གནོད་སེམས་མང་བ་ལ་དམ་པའི་ཆོས་ཡོངས་སུ་འཛིན་པ་མ་མཆིས་སོ།། བཅོམ་ལྡན་འདས་བདག་ནི་བྱམས་པའི་སེམས་ཀྱིས་ཆོས་ཀྱི
334b6 རྣམ་གྲངས་འདི་བཤད་པར་བགྱིའོ། ། བྱང་ཆུབ་སེམས་དཔའ་མཐོང་དགས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་སེམས་ཅན་རྣམས་ཀྱིས་མཐོང་ན་ངོམ་པར་མི་འགྱུར
334b7 བ་དེས། དམ་པའི་ཆོས་ཡོངས་སུ་འཛིན་པར་ནུས་ཏེ། བཅོམ་ལྡན་འདས་བདག་ནི་སེམས་ཅན་ཐམས་ཅད་འ་ཁོང་ཁྲོ་བ་མ་མཆིས་པའི་སེམས་ཀྱིས་ཆོས་ཀྱིས་རྣམ་གྲངས་འདི་ཡོངས་སུ་གཟུང
iiif viewer powered by OpenSeadragon
334a - 335a