| | e-texts navigator
|
333a1 ལགས། གང་དུ་ཡང་བསྐུར་བ་མ་ལགས་སོ།། བཅོམ་ལྡན་འདས་ཆོས་ཐམས་ཅད་ལ་ཡེ་ཤེས་རྣམ་པར་དག་པ་ནི་བྱང་ཆུབ་སྟེ། བཅོམ་ལྡན་འདས་དེ་ལྟར་བཟོད་པའི་རྗེས་སུ
333a2 ཞུགས་པ་ནི་བྱང་ཆུབ་ཀྱི་སྤྱོད་པའོ། ། གང་འདི་ལྟར་ཤེས་པ་དེ་ནི་ཐམས་ཅད་མཁྱེན་པའོ།། བཅོམ་ལྡན་འདས་གང་དག་མཉམ་པ་ཉིད་འདི་ལ་ཞུགས་པ་དེ་དང་དེ་དག་ནི། བཅོམ་ལྡན་འདས་སྦྱིན
333a3 པ་ཕུན་སུམ་ཚོགས་པ་ལགས་སོ། ། གང་དག་ཆོས་མཉམ་པ་ཉིད་འདི་ལ་བསྟེན་པ་དེ་དང་དེ་དག་ནི། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ལགས་སོ།། གང་དག་ཆོས་མཉམ་པ་ཉིད་ལ་བཟོད་པ་དེ་དང་དེ
333a4 དག་ནི་བཟོད་པ་ཕུན་སུམ་ཚོགས་པ་ལགས་སོ། ། གང་དག་ཆོས་ཀྱི་རྣམས་གྲངས་འདི་ལ་ཐོས་པ་དང་། སེམས་པ་དང་། སྒོམ་པ་ལ་བརྩོན་པ་དེ་དང་དེ་དག་ནི། བརྩོན་འགྲུས་ཕུན
333a5 སུམ་ཚོགས་པ་ལགས་སོ། ། གང་དག་ཆོས་མཉམ་པ་འདི་ལ་ངེས་པར་རྟོག་པ་དེ་དང་དེ་དག་ནི། བསམ་གཏན་པ་ལགས་སོ།། གང་དག་ཆོས་མཉམ་པ་ཉིད་འདི་རྣམ་པར་སྤྱོད་པ་དེ་དང་དེ་དག
333a6 ནི། ཤེས་རབ་དང་ལྡན་པ་ལགས་སོ།། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ལ་གང་དད་པ་རྙེད་པ་དེ་དག་གིས་དེ་བཞིན་གཤེགས་པ་མཐོང་ངོ་།། དེ་དག་གིས་ཆོས་མངོན་སུམ་དུ་བགྱིས་སོ།།
333a7 བཅོམ་ལྡན་འདས་དེ་དག་གིས་བདུད་བཏུལ་ལོ།། བཅོམ་ལྡན་འདས་གང་དག་ཆོས་ཀྱི་རྣམ་གྲངས་འདི་རབ་ཏུ་སྟོན་པ་དེ་དག། དེ་བཞིན་གཤེགས་པའི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་ལགས་སོ།།
iiif viewer powered by OpenSeadragon
332b - 333b