| | e-texts navigator
|
194a1 འགྱུར་རོ། ། སྦྱིན་པས་ལོངས་སྤྱོད་ཆེན་པོ་ཐོབ་པར་འགྱུར་རོ།། ཚུལ་ཁྲིམས་ཀྱིས་མཐོ་རིས་ཐོབ་པར་འགྱུར་རོ།། བཟོད་པས་ཀུན་ཏུ་མཛེས་པར་འགྱུར་རོ།། བརྩོན་འགྲུས་ཀྱིས
194a2 མངོན་པར་ཤེས་པ་མྱུར་བར་འགྱུར་རོ། ། བསམ་གཏན་གྱིས་སེམས་ལས་སུ་རུང་བར་འགྱུར་རོ།། ཤེས་རབ་ཀྱིས་འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པར་འགྱུར་རོ།། ཐབས་ཀྱིས
194a3 ཐམས་ཅད་ལས་འབྱུང་བར་འགྱུར་རོ། ། སྨོན་ལམ་གྱིས་ཚེགས་མེད་པར་འགྱུར་རོ།། སྟོབས་ཀྱིས་མི་ཚུགས་པར་འགྱུར་རོ།། ཡེ་ཤེས་ཀྱིས་འཇིག་རྟེན་ཐམས་ཅད་རྟོན་པར་འགྱུར་རོ།། མངོན
194a4 པར་འབྱུང་བས་འཕགས་པ་ཉིད་ཐོབ་པར་འགྱུར་རོ། ། རབ་ཏུ་འབྱུང་བས་གནོད་སེམས་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ།། བསོད་སྙོམས་སྤོད་པས་ཁ་ན་མ་ཐོ་བ་མེད་པར་འགྱུར་རོ།། དགོན
194a5 པར་གནས་པས་འཇིགས་པ་མེད་པར་འགྱུར་རོ། ། ནང་དུ་ཡང་དག་འཇོགས་པས་བསམ་གཏན་དང་། མངོན་པར་ཤེས་པ་དང་། ཚངས་པོའི་གནས་ཐོབ་པར་འགྱུར་རོ།། ཇི་ལྟར་ཐོས་པའི
194a6 ཆོས་ལ་སོ་སོར་རྟོག་པ་དང་། ཡང་དག་པར་རབ་ཏུ་སྟོན་པས་སོ་སོར་ཡང་དག་པར་རིག་པ་ཐོབ་པར་འགྱུར་རོ།། དྲན་པ་ལ་མཁས་པས་གཟུངས་ཐོབ་པར་འགྱུར་རོ།། སྤོབས་པ་ལ་མཁས་པས།
194a7 ཁྱད་པར་ལུང་སྟོན་པའི་ཡེ་ཤེས་ཐོབ་པར་འགྱུར་རོ།། བློ་གྲོས་ལ་མཁས་པས་ཆོས་དང་དོན་རབ་ཏུ་དབྱེ་བའི་ཡེ་ཤེས་ཐོབ་པར་འགྱུར་རོ།། མོས་པ་ལ་མཁས་པས་མི་འཇིགས་པ་ཐོབ་པར
iiif viewer powered by OpenSeadragon
193b - 194b