e-texts navigator
Collection
Volume
Page
Wylie

178b1 ཇི་ལྟར་ན་སྙིང་རྗེ་བ་མ་མཆིས་པ་ལགས་བཀའ་སྩལ་པ། འཇིགས་ཤེས་པ་ནི་ཉན་ཐོས་དང་འང་སངས་རྒྱས་ཀྱིསས་འཇིགས་པའོ། མངོན་པར་དགའ་བ་མེད་པ་ཅེས་བྱ་བ་ནི་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་དགའ།
178b2 བ་མེད་པའོ།། སྙིང་བརྩེ་བ་མེད་པ་ནི།། ཕྱི་རོལ་གྱི་དངོས་པོ་རྣམས་ཡོངས་སུ་བཏང་བ་ལའོ།། སྙིང་རྗེ་བ་མེད་པ་ནི། ནང་གི་དངོས་པོ་མགོ་ལ་སོགས་པ་ཡོང་སུ་བཏང་བ་ལ་སྟེ་དེ་ནི་ཚུལ་ལོ།། རིགས་ཀྱི་བུདག་དེ་ལྟ་བས་ན
178b3 བདེན་པ་ཡང་ཁོང་དུ་ཆུད་པར་གྱིས་ཤིག། བརྫུན་དུ་སྨྲ་བ་ཡང་མ་སྤངས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་བདེན་པ་ཁོང་དུ་ཆུད་པར་གྱིད་པ་ལགས།
178b4 ཇི་ལྟར་ན་བརྫུན་དུ་སྨྲ་བ་མི་སྤོང་བ་ལགས། བཀའ་སྩལ་པ། བདེན་པ་ཁོང་དུ་ཆུད་པར་བྱ་བ་ནི་ཉན་ཐོས་དང་། རང་སངས་རྒྱས་འདུལ་བའི་ཕྱིར་རོ།། བརྫུན་དུ་སྨྲ་བ་མི་སྤོང་བ་ནི་འདུས་བྱས་ཐམས་ཅད་ལ
178b5 ཉེ་བར་སྤྱོད་པའི་ཕྱིར་ཏེ་དེ་ནི་ཚུལ་ལོ། ། རིགས་ཀྱི་བུ་དག་དེ་ལྟ་བས་ན་ཕ་རོལ་ཏུ་ཕྱིན་པ་བགྱིས་ཏེ། ཚུ་རོལ་གྱི་ངོགས་ལ་བལྟ་བར་གྱིས་ཤིག། ཕ་རོལ་ཏུ་ཕྱིན་པར་མ་བྱེད་པར་ཕ་རོལ་གྱི་ངོགས་ལ་བལྟ་བར་གྱིས
178b6 ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་ཕ་རོལ་ཏུ་ཕྱིན་ཅིང་ཚུ་རོལ་གྱི་ངོགས་ལ་བལྟ་བ་ལགས། ཇི་ལྟར་ན་ཕ་རོལ་ཏུ་ཕྱིན་པར་མི་བགྱིད་ཅིང་ཕ་རོལ་གྱི་ངོགས་ལ་ལྟ
178b7 བ་ལགས། བཀའ་སྩལ་པ། ཕ་རོལ་ཏུ་ཕྱིན་པ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་དང་བསམ་པ་ལའོ།། ཚུ་རོལ་གྱི་ངོགས་ལ་ལྟ་བ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་རོ།།




iiif viewer powered by OpenSeadragon

178a - 179a

Texts on this page

S112 - 'phags pa chos kyi tshul zhes bya ba theg pa chen po'i mdo