| | e-texts navigator
|
178a1 སྦྱར་བ་དང་། ཤེས་རབ་འཆལ་བ་རྣམས་ཤེས་རབ་ལ་སྦྱར་བའོ།། ཅི་ལ་ཡང་ལན་རེ་བ་མེད་པ་ནི་རང་གི་དགོད་པ་ལ་གནས་ཀྱང་ནན་ཏན་དུ་བྱ་བའོ།། རྙེད་པ་ཆེན་པོས་ཉེ་བར
178a2 འཚོ་བ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱ་སྟོ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་ཆགས་པ་ཡང་ཤེས་པར་གྱིས་ཤིག། ཆགས་པ་རྣམས་ལ་ཡང་།
178a3 ཅིག། ཆགས་པ་ལ་ཞེན་པ་རྣམས་ལ་ཡང་ལྟོས་ཤིག། ཆགས་པ་མེད་པ་ཡང་སྲུང་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ལ་ཆགས་པ་འཚལ་བ་ལགས
178a4 ཇི་ལྟར་ན་ཆགས་པ་རྣམས་ལ་སྤྱོད་པ་ལགས། ཇི་ལྟར་ན་ཆགས་པར་ཞེན་པ་ལ་ལྟ་བ་ལགས། ཇི་ལྟར་ན་ཆགས་པ་མ་མཆིས་པ་བསྲུང་བ་ལགས། བཀའ་སྩལ་པ། ཆགས་པ་ཤེས་པར་བྱ་བ
178a5 ནི་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སོ། ། ཆགས་པ་རྣམས་ལ་སྤྱོད་པ་སྐྱེ་མཆེད་དྲུག་བཅད་པའོ།། ཆགས་པར་ཞེན་པ་ལ་ལྟ་བ་ནི། སོ་སོའི་སྐྱེ་བོ་ཡོངས་སུ་སྨིན་པར་བྱ་བའོ།། ཆགས
178a6 པ་མེད་པར་བསྲུང་བ་ནི་སྐྱོན་མེད་པར་མི་འཇུག་པ་སྟེ་དེ་ནི་ཚུལ་ལོ། ། རིགས་ཀྱི་བུ་དག་དེ་ལྟ་བས་ན་འཇིགས་པར་གྱིས་ཤིག། མངོན་པར་དགའ་བ་མེད་པར་གྱིས་ཤིག། སྙིང་བརྩེ་བ་མེད་པར་གྱིས་ཤིག། སྙིང་རྗེ་བ་མེད་པར་གྱིས
178a7 ཤིག་གསོལ་པ། བཅོམ་ལྡན་འདས་ཇི་ལྟར།། བྱང་ཆུབ་སེམས་དཔའ་རྣམས་འཇིགས་པར་བགྱིད་པ་ལགས། ཇི་ལྟར་ན་མངོན་པར་དགའ་བ་མ་མཆིས་པ་ལགས། ཇི་ལྟར་ན་སྙིང་བརྩེ་བ་མ་མཆིས་པ་ལཿ
iiif viewer powered by OpenSeadragon
177b - 178b