| | e-texts navigator
|
177b1 རྣམས་བསླང་བ་ནི་དུས་དང་དུས་མ་ཡིན་པས་བསྐུལ་བའོ། ། རྟག་ཏུ་ཉལ་བ་ནི་སྙོམས་པར་འཇུག་པ་ལས་མི་ཉལ་བ་སྟེ་དེ་ནི་ཚུལ་ལོ།། རིགས་ཀྱི་བུ་དག་དེ་ལྟ་བས་ན་ཡིད་བརྟན་པ་མེད་པར་གྱིས་ཤིག།
177b2 ཡིད་བརྟན་པ་གཞིག་པར་གྱིས་ཤིག། ཡིད་མ་བརྟན་པ་རྣམས་ལ་ཡིད་བརྟན་པར་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་ཡིད་མི་རྟོན་པ་ལགས། ཇི་ལྟར
177b3 ན་ཡིད་བརྟན་པ་འཇིག་པར་བགྱིད་པ་ལགས། ཇི་ལྟར་ན་ཡིད་མ་བརྟན་པ་རྣམས་ལ་ཡིད་རྟོན་པ་ལགས། བཀའ་སྩལ་པ། ཡིད་མི་བརྟན་ཅེས་བྱ་བ་ནི་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས
177b4 ལ་ཡིད་མི་གཞག་པའོ། ། ཡིད་བརྟན་པ་གཞིག་པར་བྱ་བ་ནི་སྙོམས་པར་འཇུག་པར་བཟློག་པའོ།། ཡིད་དམ་བརྟན་པ་རྣམས་ལ་ཡིད་བརྟན་པར་བྱ་བ་ནི། ལོག་པར་ཞུགས་པ་རྣམས་ལ་སྟེ་དེ་ནི
177b5 ཚུལ་ལོ། ། རིགས་ཀྱི་བུ་དག་དེ་ལྟ་བས་ན་ནོར་དང་ལྡན་པར་གྱིས་ཤིག། བྱ་ས་པ་ཤེས་པ་མེད་པར་སྦྱོར་ཅིག། ཅི་ལ་ཡང་ན་རེ་བར་མ་བྱེད་ཅིག། རྙེད་པ་ཆེན་པོས་ཉེ་བར་འཚེ་བར་གྱིས་ཤིག་གསོལ་པ
177b6 བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་རྣམས་ནོར་དང་ལྡན་པ་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བྱས་པ་འཚལ་བ་མ་མཆིས་པར་སྦྱོར་བ་ལགས། ཇི་ལྟར་ན་ཅི་ལ་ཡང་ལན་མིར
177b7 བ་ལགས། ཇི་ལྟར་ན་རྙེད་པ་ཆེན་པོས་ཉེ་བར་འཚོ་བ་ལགས། བཀའ་སྩལ་པ། ནོར་དང་ལྡན་པ་ཞེས་བྱ་བ་ནི་ནོར་བདུན་དང་ལྡན་པའོ།། བྱས་པ་ཤེས་པ་མེད་པར་སྦྱར་བ་ནི་སེར་སྣ་ཅན་རྣམས་སྦྱིན་པ་ལ
iiif viewer powered by OpenSeadragon
177a - 178a