| | e-texts navigator
|
174b1 བཏུང་བ་དང་། གོས་དང་། ལྕགས་སྒྲོག་དང་། ཤིང་སྒྲོག་དང་། དབྱིགས་པ་དང་། གཤེ་བ་དང་། མི་སྙན་པར་ཟེར་བ་དང་། བརྡེག་པ་དང་། དུས་མ་ཡིན་པར་འཆི་བ་དང་། ནད་ཀྱི
174b2 གནོད་པ་ཡུལ་དེན་མེད་པར་འགྱུར་རོ། ། ལྷ་དང་ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དག་གིས་ཀྱང་ཡུལ་དེ་ཤིན་ཏུ་བསྲུང་ཞིང་བསྒྲུབ་པར་འགྱུར་རོ།། རིགས་ཀྱི་བུ
174b3 ད་ཨག་ཡུལ་གང་དུ་ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་འདི་འཆད་ཅིང་སྟོན་པར་འགྱུར་བའི་ཡུལ་དེར་གནོད་པ་བཅུ་པོ་དེ་དག་གིས་ཡུལ་ཐམས་ཅད་མི་གཙེ་བར
174b4 འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་བཟོད་པ་འདི་ནི། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སྤྱོད་པ་མཐའ་དག་ཡོངས་སུ་རྫོགས་པར་བྱེད་པ། ཕ་རོལ་ཏུ་ཕྱིན་པ་དྲུག
174b5 ཡོངས་སུ་རྫོགས་པར་བྱེད་པ་ནས། སངས་རྒྱས་ཀྱི་དགོས་པ་མཐའ་དག་ཡོངས་སུ་ཐོབ་པར་བྱེད་པའོ།། བཟོད་པ་འདིའི་མིང་འབའ་ཤིག་གང་གིས་རྣ་ལམ་དུ་ཐོས་པ་ཡང་སྙིང་པོ་བྱང་ཆུབ་ཀྱི
174b6 བྱར་དུ་གང་ཟག་དེ་མི་ཁོམ་པ་བརྒྱད་དང་བྲལ་བར་འགྱུར་རོ། ། གང་གིས་བཟོད་པ་བསྒོམ་པ་འདི་ཐོག་ཐག་ཉན་པ་ནི། སངས་རྒྱས་ཀྱིས་བྱིན་གྱིས་བརླབས་ཏེ། བླ་ན་མེད་པ་ཡང་དག་པར
174b7 རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ཏེ། དེ་ལྟར་མཐུ་ཆེའོ།། རིགས་ཀྱི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགའ་བར་བྱེད་པ་རྒྱན་དུ་བྱེད་པ། པིར་མི་ལྡོག་པར་བྱེད་པ
iiif viewer powered by OpenSeadragon
174a - 175a