e-texts navigator
Collection
Volume
Page
Wylie

173b1 ལེགས་པ་བཞི་འབྱུང་སྟེ། བཞི་གང་ཞེ་ན་ཡུལ་དེར་རྒྱལ་པོའི་ཞབས་འབྲིང་བ་དང་། བློན་པོ་རྣམས་ཕན་ཚུན་བཟོད་པ་དང་། ངེས་པ་དང་། དགའ་བ་དང་། གུས་པའི་སེམས་སུ་འགྱུར་བ་དང་། རྒྱལ
173b2 པོ་ཡང་བྱམས་པར་འགྱུར་བ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། གྲོང་རྡལ་གྱི་མི་དང་། ལྗོངས་ཀྱི་མི་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་རྣམས་ཀྱིས་ཡིད་དུ་འོང་ཞིང་དགའ་བར་འགྱུར་བ
173b3 དང་། ཆོས་འདོད་པར་འགྱུར་གྱི་རྙེད་པ་མི་འདོད་ཏེ། ཕྱོགས་བཅུར་གྲགས་པའི་སྒྲ་དང་། ཚིགས་སུ་བཅད་པ་རྒྱ་ཆེར་གྲགས་ཤིང་། ཚེ་རིང་བ་དང་། བདེ་བ་དང་། ཡིད་བདེ་བ་མང་བར་འགྱུར
173b4 བསྟེ། ཡུལ་གང་དུ་བཟོད་པ་འདི་འཆད་ལར་འགྱུར་བ་དེའི་རྒྱལ་པོའི་ཞབས་འབྲིང་བ་དང་། བློན་པོ་རྣམས་ཀྱི་ཡོན་ཏན་དང་། བསྔགས་པར་འགྱུར་བ་ནི་དེ་དག་གོ། གཞན་ཡང་ཡུལ་གང་དུ
173b5 བཟོད་པ་འདི་འཆད་པར་འགྱུར་བའི་ཡུལ་དེར་དགེ་སྦྱོང་དང་། བྲམ་ཟེ་རྣམས་ཀྱི་ཡོན་ཏན་དང་བསྔགས་པ་བཞི་འབྱུང་སྟེ། བཞི་གང་ཞེ་ན། ཡུལ་དང་དགེ་སྦྱོང་དང་། བྲམ་ཟེ་རྣམས་ཆོས་གོས་དང
173b6 བསོད་སྙོམས་དང་། མལ་ཆ་དང་། མབའི་གསོས་སྤྱན་དང་། ཡོ་བྱད་དག་རྙེད་པར་འགྱུར་བ་དང་། བསམ་གཏན་བྱེད་པ་ལ་བརྩོན་པར་འགྱུར་བ་དང་། རི་ལ་མངོན་པར་དགའ་ཞིང་རབ་ཏུ་དབྱེ
173b7 པར་འགྱུར་བ་དང་། སེམས་ལས་འབྱུང་བའི་བདེ་པ་བཞི་ལ་གནས་པ་རྙེད་པར་འགྱུར་རོ།། ཡུལ་གང་དུ་བཟོད་པ་འདི་འཆད་པར་འགྱུར་བའི་ཡུལ་དེའི་གྲོང་རྡལ་དང་། ལྗོངས་ཀྱི་མི་རྣམས་ཀྱི




iiif viewer powered by OpenSeadragon

173a - 174a

Texts on this page

S111 - 'phags pa yang dag par spyod pa'i tshul nam mkha'i mdog gis 'dul ba'i bzod pa zhes bya ba theg pa chen po'i mdo