| | e-texts navigator
|
375a1 མཆིས་པ་རྣམས་ཀྱི་དོན་བགྱིས་པ་ཆོས་ཀྱི་རྣམ་གྲངས་འདི་ནི་ཨ་ལ་ལ་བདུད་རྩི་བརྗོད་པ་ལེགས་སོ་ཞེས་སྨྲས་སོ། ། དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང
375a2 ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་ཐོས་པར་དཀས། ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ཟུང་ཞིག། ཡི་གེར་བྲིས་ཤིག། ཆོངས
375a3 ཤིག། ལྷོགས་ཤིག། ཀུན་ཆུབ་པར་གྱིས་ཤིག། ཚེ་དང་ལྡན་པ་ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་བདག་གིས་ཆོས་ཀྱི་རྣམ་གྲངས་འདི་བཟུང་ལགས་ན། བཅོམ
375a4 ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེའི་ཕྱིར་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲང་འདི་བདུ།
375a5 རྩི་བརྗོད་པ་ཞེས་བྱ་བར་ཟུང་ཞིག། བྱམས་པས་ཞུས་པ་ཞེས་བྱ་བར་ཡང་ཟུང་ཞིག། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང
375a6 བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་། དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལྷ་དང་། མི་དང་།
375a7 ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་བདུད་རྩི་བརྗོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི
iiif viewer powered by OpenSeadragon
374b - 375b