e-texts navigator
Collection
Volume
Page
Wylie

371b1 པ་ཁྱོད་སྐྱེ་བོ་མང་པོ་ལ་ཕན་པའི་ཕྱིར་ཞུགས་ཏེ། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། ལྷ་དང་མི་རྣམས་ཀྱི་སྐྱེ་བོ་ཕལ་པོ་ཆེའི་དོན་དང་། ཕན་པ་དང
371b2 བདེ་བའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་དོན་འདི་འདྲི་བར་སེམས་པ་ཁྱོད་ཡང་ལེགས་སོ། ། དེའི་ཕྱིར་བྱམས་པ་ཁྱོད་ལེགས་པར
371b3 རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཞིག་དང་། ངས་བཤད་དོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་དེ་ལྟར་འཚལ་ལོ་ཞེས་གསོལ་ཏེ། བཅོམ་ལྡན་འདས་ཀྱི་ལྟར
371b4 ཉན་པ་དང་། བཅོམ་ལྡན་འདས་ཀྱིས། དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། བྱམས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ལྔ་དང་ལྡན་ན། བདུད་ཀྱི་རིག
371b5 ཐམས་ཅད་ཀྱིས་བགེགས་བྱ་བར་མི་འགྱུར་བ་དང་། བདུད་ཀྱི་འཁོར་ཐམས་ཅད་ཀྱིས་འདའ་བར་བྱ་བ་མ་ཡིན་པ་དང་། སེམས་ཅན་རྣམས་ལ་སྙིང་བརྩེ་བའི་ཕྱིར་ཚེ་རིང་དུ་སྐྱོང
371b6 བར་བྱེད་པ་དང་། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་བ་ཚང་རྒྱ་བར་འགྱུར་རོ།། ལྔ་པོ་དག་གང་ཞེ་ན། འདི་ལྔ་སྟེ། རྒྱུན་མི་འཆད་པར
371b7 ཆོས་སྦྱིན་པ་དང་། རྒྱུན་མི་འཆད་པར་སེམས་ཅན་ཐམས་ཅད་ལ་མི་འཇིགས་པ་སྦྱིན་པ་དང་། རྒྱུན་མི་འཆད་པར་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ




iiif viewer powered by OpenSeadragon

371a - 372a

Texts on this page

S102 - 'phags pa bdud rtsi brjod pa zhes bya ba theg pa chen po'i mdo