| | e-texts navigator
|
371a1 ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ་བདག་ལ་སྐབས་དབྱེ་བར་གནང་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས།
371a2 རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུ་བར་འཚལ་ལོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་དེ་བཞིན་གཤེགས་པ་ཁྱོད་ལ་རྟག་ཏུ་སྐབས་ཕྱེས། བྱམས་པ་ཁྱོད་ཅི་དང་ཅི
371a3 འདོད་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་དྲིས་ཤིག་དང་། དྲིས་པ་དེ་དང་དེའི་ལུང་བསྟན་པས་ངས་ཁྱོད་ཀྱི་སེམས་རངས་པར་བྱའོ།། དེ་ས
371a4 ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས
371a5 དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་དུ་དང་ལྡན་ན། བདུད་ཀྱི་རིགས་ཐམས་ཅད་ཀྱིས་བགེགས་བགྱིད་པར་མི་འགྱུར་བ་དང་། བདུད་ཀྱི་འཁོར་ཐམས་ཅད་ཀྱིས་འདའ་བར་བགྱིད་པ
371a6 མ་ལགས་པ་དང་། སེམས་ཅན་རྣམས་ལ་སྙིང་བརྩེ་བའི་སླད་དུ་ཚེ་རིང་དུ་སྐྱོང་བར་བགྱིད་པ་དང་། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང
371a7 རྒྱ་བར་འགྱུར་ལགས། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། བྱམས་པ་ལེགས་སོ་ལེགས་སོ།། བྱམས
iiif viewer powered by OpenSeadragon
370b - 371b