| | e-texts navigator
|
370a1 སྙམ་དུ་སེམས། དེའི་ཚེ་དགེ་སློང་རྣམ་པར་རྒྱལ་བ་འབྱུང་བ་ཞེས་བྱ་བ་དེ་གཞན་ཞིག་ཡིན་པ་སྙམ་དུ་འཛིན་ན་དེ་ལྟར་མི་བལྟ་སྟེ། འཇམ་དཔལ་གཞོན་ནུར་གྱུར
370a2 པ་འདི་ནི་དེའི་ཚེ་དེའི་དུས་ན་དགེ་སློང་རྣམ་པར་རྒྱལ་བ་འབྱུང་བ་ཞེས་བྱ་བར་གྱུར་ཏེ། ། སེང་གེའི་རྒྱལ་པོ་བཀོད་པ་དེའི་ཚེ་དེའི་དུས་ན་ཁྱིམ་བདག་དྲག་ཤུལ་ཅན་གྱིས་བྱིན་པ་ཞེས་བྱ་བ
370a3 དེ་གཞན་ཞིག་ཡིན་པ་སྙམ་དུ་སོམ་ཉི་འམ། ཡིད་གཉིས་ཟ་ན་དེ་ལྟར་མི་བལྟ་སྟེ། ང་ཉིད་དེའི་ཚེ་དེའི་དུས་ན་དྲག་ཤུལ་ཅན་གྱིས་བྱིན་པ་ཞེས་བྱ་བའི་ཁྱིམ་བདག་ཏུ་གྱུར་ཏོ།། ངས
370a4 ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱས་པའི་བར་དང་། སངས་རྒྱས་ཉིད་ཐོབ་ཀྱི་བར་དུ་ཚེ་རབས་བྱེ་བ་ཁྲག་ཁྲིག་འབུམ་དེ་དང་དེ་དག་ཏུ་རྨོ་འདི་ཀུན་ཏུ་བསྟན་ཏེ།། བསྒོམས་སོ།།
370a5 མང་དུ་བྱས་སོ།། རིགས་ཀྱི་བུ་གང་གིས་ན་ངའི་འཁོར་གྱི་དཀྱིལ་འཁོར་བཀོད་པ་འདི་འདྲ་བར་གྱུར་པའི་རྒྱུ་ནི་དེ་ཡིན་ནོ།། རྐྱེན་ནི་དེ་ཡིན་ནོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས
370a6 བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེང་གེའི་རྒྱལ་པོ་བཀོད་པ་དང་། དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག
370a7 དང་ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་དཀྱིལ་འཁོར
iiif viewer powered by OpenSeadragon
369b - 370b