e-texts navigator
Collection
Volume
Page
Wylie

367a1 སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བདག་གིས་ཀྱང་དེ་བཞིན་གཤེགས་པའི་མཚན་ཡོངས་སུ་བརྗོད་པ་བཀྲ་ཤིས་བརྒྱད་པའི་ཆོས་ཀྱི་རྣམ་གྲངས་འདི
367a2 ཉམས་སུ་བླངས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀོའུ་ཤི་ཀ་དེའི་ཕྱིར་ཁྱོད་ཀྱིས་ལྷ་དང་ལྷ་མ་ཡིན་གཡུལ་འགྱེད་པར་ཆོས་ཀྱི་རྣམ་གྲངས་འདི་ཡོངས་སུ་བརྗོད་པར་བྱའོ།།
367a3 ཡོངས་སུ་བརྗོད་པ་ན་ལྷའི་བུ་ཁྱོད་རྒྱལ་བར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་མཚན་ཡོངས་སུ་བརྗོད་པ་གང་ཡིན་པ་དེ་ནི། བདེ་ཞིང་འཇིགས་པ་མེད་པར་ཡོངས་སུ
367a4 བརྗོད་པ་ཡིན་དུའི་ཕྱིར་རོ། ། མཚན་ཡོངས་སུ་བརྗོད་པ་གང་ཡིན་པ་དེ་ནི་ཀུན་ནཱས་ལྡང་བ་མེད་པར་ཡོངས་སུ་བརྗོད་པ་ཡིན་པའི་ཕྱིར་རོ།། དེ་བཞིན་གཤེགས་པའི་མཚན་ཡོངས་སུ
367a5 བརྗོད་པ་གང་ཡིན་པ་དེ་ནི། ཡང་དག་པའི་མཚན་ཡོངས་སུ་བརྗོད་པ་ཡིན་པའི་ཕྱིར་རོ།། དེ་བཞིན་གཤེགས་པའི་མཚན་ཡོངས་སུ་བརྗོད་པ་གང་ཡིན་པ་དེ་ནི། གཡུལ་ཐམས
367a6 ཅད་ལས་ཡང་དག་པར་འདས་པར་ཡོངས་སུ་བརྗོད་པ་ཡིན་པའི་ཕྱིར་རོ། ། དེ་བཞིན་གཤེགས་པའི་མཚན་ཡོངས་སུ་བརྗོད་པ་གང་ཡིན་པ་དེ་ནི། ཟིལ་གྱིས་མི་ནོན་པར་ཡོངས་སུ་བརྗོད
367a7 པ་དང་། ཞི་བར་ཡོངས་སུ་བརྗོད་པ་དང་། ཡོངས་སུ་གདུང་བ་མེད་པར་ཡོངས་སུ་བརྗོད་པ་དང་། འཇིགས་པ་མེད་པར་ཡོངས་སུ་བརྗོད་པ་ཡིན་པའི་ཕྱིར་རོ།། དེ་ནས་ལྷ་རྣམས




iiif viewer powered by OpenSeadragon

366b - 367b

Texts on this page

S100 - 'phags pa bkra shis brgyad pa zhes bya ba theg pa chen po'i mdo