e-texts navigator
Collection
Volume
Page
Wylie

366b1 བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འདི་དག་གི་མཚན་རྣམས་བླངས་ནས་འཛིན་ན། དེས་ཡོན་ཏན་གྱི་ཁྱད་པར་དེ་དག་དང་གཞན་དག་ཏུ་ཡང་འགྱུར་ཏེ། སངས་རྒྱས་བཅོམ་ལྡན
366b2 འདས་རྣམས་ཀྱི་མཚན་འདི་དག་ནི་སྔོན་གྱི་སྨོན་ལམ་གྱི་ཡོན་ཏན་དང་ལྡན་པའི་ཕྱིར་རོ། ། ནུབ་མོ་སྲོད་ལ་ཉལ་ན་ཡང་ཁྱོད་ཀྱིས་མཚན་འདི་དག་བསམ་པར་བྱའོ།། ལྡང་བ་ན་ཡང་བས
366b3 པར་བྱའོ། ། འཇིག་རྟེན་གྱི་བྱ་བ་གང་ཅི་ཡང་རུང་བ་དག་རྩོམ་པ་དག་ན་ཡང་ཐམས་ཅད་ལ་མཚན་འདི་དག་བསམས་ནས། དེའི་འོག་ཏུ་བསམས་ན་དེར་ཡང་ཁྱོད་ལ་འཕེལ་བ་ཉིད་དུ་འགྱུར
366b4 གྱི་འགྲིབ་པར་ནི་མ་ཡིན་པར་ཤེས་པར་བྱ་སྟེ། འདིས་ཁྱོད་གནས་པར་གྱིས་ཤིག། དེ་ནས་ལི་ཙ་བྱིའི་བུ་རྩ་ལ་རབ་ཀྱིས་བསྟན་པ་འདི་ཐོས་ནས་ཚིམ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ
366b5 དགའ་ནས་དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱི་མཚན་འདི་དག་ཡོངས་སུ་བརྗོད་ཅིང་རིན་པོ་ཆེ་སྣ་བདུན་གྱི་མེ་ཏོག་བརྒྱ་སྟོང་གིས་བཅོམ་ལྡན་འདས་ལ་མངོན
366b6 པར་གཏོར་ཏེ་བསྐོར་བ་ཡང་བྱས་ནས། དེ་བཞིན་གཤེགས་པའི་མཚན་ཡོངས་སུ་བརྗོད་པ་བཀྲ་ཤིས་བརྒྱད་པའི་ཆོས་ཀྱི་རྣམ་གྲངས་འདི་བཟུང་སྟེ། བཅོམ་ལྡན་འདས་ཀྱི་ཐད་ནས
366b7 སོང་ངོ་། ། དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་འཁོར་དེ་ཉིད་དུ་འདུས་པར་གྱུར་ནས། འདུག་པ་དེ་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་འདི




iiif viewer powered by OpenSeadragon

366a - 367a

Texts on this page

S100 - 'phags pa bkra shis brgyad pa zhes bya ba theg pa chen po'i mdo