| | e-texts navigator
|
366a1 རྩལ་རབ་ཤར་ཕྱོགས་ན་འཇིག་རྟེན་གྱི་ཁམས་སྣ་ཚོགས་ལྡན་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས
366a2 ལྷུན་པོ་ལྟར་འཕགས་པ་རྩལ་རབ་གྲགས་པའི་དཔལ་ཞེས་བྱ་བ་བཞུགས་སོ། ། རྩ་ལ་རབ་ཤར་ཕྱོགས་ན་འཇིག་རྟེན་གྱི་ཁམས་དཔལ་འབར་བ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན
366a3 གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སེམས་ཅན་ཐམས་ཅད་ལ་དགོངས་པ་གྲགས་པའི་དཔལ་ཞེས་བྱ་བ་བཞུགས་སོ། ། རྩ་ལ་རབ་ཤར་ཕྱོགས་ན་འཇིག
366a4 རྟེན་གྱི་ཁམས་རྡོ་རྗེ་གྲགས་པ་དགའ་བ་ཅན་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིད་ཚིམ་པར་མཛད་པ་རྩ་ལ་རབ་གྲགས
366a5 པའི་དཔལ་ཞེས་བྱ་བ་བཞུགས་སོ། ། རྩ་ལ་རབ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཚན་འདི་དག་ལེགས་པར་རབ་ཏུ་གཟུང་བར་བྱའོ།། ཀུན་ཆུབ་པར་བྱའོ།། བཅང་བར
366a6 བྱའོ། ། རྩ་ལ་རབ་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ནི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་མོད་ཀྱི། འོན་ཀྱང་རྩ་ལ་རབ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག
366a7 པར་རྫོགས་པའི་སངས་རྒྱས་འདི་དག་གི་སངས་རྒྱས་ཀྱི་ཞིང་ནི་ཡོངས་སུ་དག་པ་སྟེ། སྙིགས་མ་རྣམས་དང་བྲལ་བ་ཡིན་ནོ།། རྩ་ལ་རབ་ཁྱོད་ཀྱིས་གང་གི་ཚེ་དེ་བཞིན་གཤེགས་པ་དགྲ
iiif viewer powered by OpenSeadragon
365b - 366b