| | e-texts navigator
|
365a1 ཨཱརྱ་ཨཥྚ་མཾ་ག་ལ་ཀན་ནཱ་མ་མ་ཧཱ་ཡཱན་སཱུ་ཏྲ། བོད་སྐད་དུ། འཕགས་པ་བཀྲ་ཤིས་བརྒྱད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔ
365a2 ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡངས་པ་ཨ་མྲ་སྲུང་བའི་ཚལ་ན་བཞུགས་སོ། ཛ3། དེ་ནས་ལི་ཙ་བྱིའི་བུ་རྩ་ལ་རབ་བཅོམ
365a3 ལྡན་པ་དེས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན
365a4 གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ལ་ལ་སྔོན་གྱི་སྨོན་ལམ་ཕུན་སུམ་ཚོགས་པ་དག་བཞུགས་པ། བཅོམ་ལྡན་འདས་གང་དག་ཐོས་ན་བདག་གིས་སྤྱི
365a5 བོས་བཀུར་ཞིང་། ། གང་དག་བདག་གིས་སྤྱི་བོས་བཀུར་བས་མི་འམ་མི་མ་ལགས་པ་ལས་འཇིག་པ་འམ། གཙེ་བ་འབྱུང་བར་མི་འགྱུར་བ་དང་། བཅོམ་ལྡན་འདས་བདག་རྒྱལ་པོའི་ཕོ་བྲང་དུ་མ་ནི
365a6 ཏེ་སྤུ་བརྗོད་པ་ན་ཅི་ནས་གང་གིས་ཀྱང་སྨྲ་བ་ལ་བཟློག་པ་མི་བགྱིད་ཅིང་ཟིལ་གྱིས་མི་ནོན་པ་དང་། མཚན་དེ་དག་ཉིད་བདག་འཛིན་ན། གཉིད་ཀྱིས་ལོག་ན་ཡང་སྡིག་པའི་རྨི་ལམ་རྨི་བར་མི་འགྱུ
365a7 བ་དང་། བདག་མཚོན་ཆ་གཟས་པའི་གཡུལ་གྱི་ནང་དུ་ཞུགས་ན་ཡང་ལུས་ལ་མཚོན་ཆ་རྣམས་ཕོག་པར་མི་འགྱུར་ལ། དེ་ལ་བདེ་བར་ཐར་པར་ཡང་འགྱུར་བ་དེ་དག་བཅོམ་ལྡན་འདས་དེ
iiif viewer powered by OpenSeadragon
364b - 365b