| | e-texts navigator
|
328a1 @#གདྷཱའི་རྒྱལ་པོ་མ་སྐྱེས་དགྲས། བརྒྱུན་ཏུ་ཞུགས་པ་བསད་ནས། དེ་བཞིན་གཤེགས་པ་སྐུ་གདུང་ལ་མཆོད་པ་བྱ་བའི་ཕྱིར། སྐུ་གདུང་གི་བརྒྱད་ཆལ་བཀུར་སྟི་བྱ་བ་དང་།
328a2 བླ་མར་བྱ་བ་དང་། རི་མོར་བྱ་བ་དང་། མཆོད་པར་བྱ་བ་དང་། རྗེད་པར་བྱ་བ་དང་། གསོལ་བར་བྱ་བ་ལ་བརྩོན་པར་འགྱུར་རོ་ཞེས་སངས་རྒྱས་ཀྱིས་བསྔགས་པའི་དགེ་བའི་དེ་དེས་བྱས་པས། སེམས
328a3 ཅན་དམྱལ་བར་ལན་ཅིག་སོང་ནས། ལས་དེ་ཉིད་དང་། དགེ་བའི་རྩ་བ་དེ་ཉིད་དང་། སྔོན་ལེགས་པར་སྤྱད་པ་དེ་ཉིད་ཀྱིས། དེ་ནས་ཐར་ནས་བསྐལ་པ་ཉི་ཤུར་ལོག་པར་མི་ལྷུང་བར་འགྱུར་ལ། སྐྲ་དང་ཁ
328a4 སྤ་བྲེགས་ནས། གོས་ངུར་སྨྲིག་བགོས་ཏེ། ཡང་དག་པར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས། རང་བྱང་ཆུབ་མངོན་དུ་བྱེད་པར་འགྱུར་ཏེ། རང་སངས་རྒྱས་རྣམ་པར་རྒྱལ་བའི་སྡེ་ཞེས་བྱ་བར་འགྱུར་རོ།།
328a5 དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་དཔག་ཏུ་མེད་པའི་ཆོས་འདི་ལྟ་བུ་དག་དང་ལྡན་སྟེ། ཚུལ་ཁྲིམས་དཔག་ཏུ་མེད་པ་དང་། ཏིང་ངེ
328a6 འཛིན་དཔག་ཏུ་མེད་པ་དང་། ཤེས་རབ་དཔག་ཏུ་མེད་པ་དང་། རྣམ་པར་གྲོལ་བ་དཔག་ཏུ་མེད་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་དཔག་ཏུ་མེད་དང་ལྡན་པའི་ཕྱིར་རོ།། ཀུན་དགའ་བོ་འདི།
328a7 ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དཔག་ཏུ་མེད་པའི་ཆོས་རྣམས་དང་ལྡན་པ་དེའི་ཕྱིར། དེ་ལ་མཆོད་པའི་རྣམ་པར་སྨིན་པ་ཡང་དེ་ལྟར་དཔག་ཏུ
iiif viewer powered by OpenSeadragon
327b - 328b