e-texts navigator
Collection
Volume
Page
Wylie

327a1 བུ་ར་རམ་ཤིང་གི་ཚལ་བཞིན་དུ་གང་བར་གྱུར་པ་དེ་དག་ལ། མ་ལ་ལ་ཞིག་གིས་ཇི་སྲིད་འཚེ་བའི་བར་དུ་ཆོས་གོས་དང་། བསོད་སྙོམས་ད་། མལ་ཆ་དང
327a2 ནད་ཀྱི་གསོ་སྨན་དང་། ཡོ་བྱད་རྣམས་ཀྱིས་ཅི་འདོད་པ་སྟབས་ཏེ། དེ་དག་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་མཆོད་རྟེན་བྱས་ཏེ། གདུགས་དང་། སིལ་སྙན་དང་།
327a3 དན་དང་། དྲི་དང་། བདུག་པ་དང་། འཕྲེང་བ་དང་།། ཕྱེ་མ་དང་། བྱུག་པ་དེ་དག་གིས་མཆོད་པ་བྱེད་ལ། གང་ཞིག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདྲས་པའི་རིང
327a4 བསྲེལ་ཡུངས་འབྲུ་ཙམ་མཆོད་རྟེན་གྱི་བུམ་པ་སྐྱུ་རུ་ར་ཙམ་གྱི་ནང་དུ་བཅུག་སྟེ། སྲོག་ཤིང་ཁབ་ཙམ་གཙུག་ནས། གདུགས་རྒྱ་ཤུག་གི་ལོ་མ་ཙམ་འདོག་པར་བྱེད་པའམ། དེ་བཞིན་གཤེགས
327a5 པའི་སྐུ་གཟུགས་ཚོན་གང་ཙམ་ཞིག་བྱེད་ན། ཀུན་དགའ་བོ་བསོད་ནམས་འདི་ལ། བསོད་ནམས་སྔ་མ་དེས། བརྒྱའི་ཆར་ཡང་ཉེ་བར་མི་འགྲོ།། སྟོང་གི་ཆ་དང་། འབུམ་གྱི་ཆ་དང་། གྲངས་དང
327a6 ཆ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་དཔག་ཏུ་མེད་པའི་ཆོས་འདི་ལྟ་བུ་དང་དག
327a7 ལྡན་ཏེ། ཚུལ་ཁྲིམས་དཔག་ཏུ་མེད་པ་དང་། ཏིང་ངེ་འཛིན་དཔག་ཏུ་མེད་པ་དང་། ཤེས་རབ་དཔག་ཏུ་མེད་པ་དང་། རྣམ་པར་གྲོལ་བ་དཔག་ཏུ་མེད་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་དང




iiif viewer powered by OpenSeadragon

326b - 327b

Texts on this page

S84 - 'phags pa sgra chen po zhes bya ba theg pa chen po'i mdo