e-texts navigator
Collection
Volume
Page
Wylie

2b1 ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། དབང་དང་ལྡན་པར་གྱུར་པ། ཉོན་མོངས་པ་མེད་པ། ཅང་ཤེས་པ། གླང་པོ་ཆེན་པོ།།
2b2 སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། བདག་གི་དོན་རྗེས
2b3 སུ་ཐོབ་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཚུལ་ཁྲིམས་ཤིན་ཏུ་རྣམ
2b4 པར་དག་པ། སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་སོན་པ། མངོན་པར་ཤེས་པ་མཁས་པ་མངོན་པར་ཤེས་པ། རྣམ་པར་ཐར་པ
2b5 བརྒྱད་ལ་བསམ་གཏན་པ་ཤ་སྟག་དང་ཐབས་ཅིག་ཏུ་བཞུགས་སོ། ། དེ་ནས་གནས་བརྟན་འོད་སྲུངས་ཆེན་པོ་ལ་སོགས་པ། དགེ




iiif viewer powered by OpenSeadragon

2a - 3a

Texts on this page

S81 - 'phags pa sprin chen po zhes bya ba theg pa chen po'i mdo