e-texts navigator
Collection
Volume
Page
Wylie

157b1 བླ་མ་ལ་གུས་པས་རང་གི་སློབ་དཔོན་ལ་འདི་སྐད་ཅེས་སྨྲས་སོ། ། ཀྱེ་མཁན་པོ་བདག་ལ་འོས་པ་མ་ལགས་སོ།། ཡང་སློབ་དཔོན་གྱིས་སྨྲས་པ། ཇི་བདག་ཉིད་ངན་པ་ཁྱོད་མཐོ་རིས་སུ
157b2 འགྲོ་འམ། བྲམ་ཟེར་འགྱུར་བར་མི་འདོད་དམ། ཡང་སློབ་མས་སྤྲས་པ། ལེགས་སོ་ལེགས་སོ།། མཁན་པོ་དེ་ལྟར་བགྱིའོ་ཞེས་སྨྲས་ཏེ། མི་སྟོང་བསད་དོ་འོངས་ནས། རང་གི་སློབ་དཔོན
157b3 གུས་པར་སྨྲ་བ་བྱས་པ་དང་། སློབ་དཔོན་གྱིས་དེ་མཐོང་ནས། གཏུམ་པོ་འདི་ད་རུང་མ་ཤི་བལྟ་ཞེས་ངོ་མཚར་དུ་གྱུར་ཏོ།། འོ་ན་ད་ནི་ཤི་བར་བྱའོ་སྙམ་ནས། དེ་སྐད་མ་ཟེར་བར་བསད་པ་རེ་རེའི་སོར
157b4 མེ་རྣམས་ལོང་ཤིག། མི་སྟོང་སོང་ལ་སོར་མོ་རྣམས་འཕྲེང་བར་བྱས་ཏེ་འོངས་དང་གདོད་བྲམ་ཟེར་འགྱུར་རོ་ཞེས་ཟེར་ནས་དེའི་ཕྱིར་སོར་མོའི་ཕྲེང་བ་ཞེས་བྱའོ།། ཡང་སོར་མོའི་ཕྲེང་བ་དེས་ལེགས་སོ་སྨྲས
157b5 ནས། མ་ཉིད་སྟོང་དུ་ཅིག་གི་མ་ཚང་པར་བསད་དོ།། དེའི་ཚེ་སོར་མོའི་ཕྲེང་བའི་མ་ཟས་ཀྱིས་མཆོག་དང་དངར་སྣ་བཞི་ཐོགས་ནས། བདག་གི་བུ་འདི་ལྟར་གྱུར་པ་ལྟ་ཞིག་ན་ཉོན་མོངས་གླུད་དོ་སྙམ་སྟེ་འོངས
157b6 པབ་དང་། སོར་མོའི་ཕྲེང་བས་རང་གི་མ་འོངས་པ་མཐོང་ནས། བདག་གི་མ་མཐོ་རིས་སུ་འགྲོ་བར་བྱའོ་སྙམ་སྟེ། རལ་གྲི་ཐོགས་ནས་འོངས་སོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས
157b7 ཡུལ་དང་དུས་མཁྱེན་ནས་མཉན་ཡོད་ནས་གནག་པའི་དགོངས་སུ་འདོམ་བཞི་བཅུས་མ་ཚང་བའི་བར་ན། ཤིང་ཨ་ཤོ་ཀའི་དྲུང་ན་ཐམས་ཅད་མཁྱེན་པ་ཡེ་ཤེས་ཐམས་ཅད་དང་ལྡན་པ་དེ་དང་པའི་རྒྱལ་པོ་བཞིན




iiif viewer powered by OpenSeadragon

157a - 158a

Texts on this page

S82 - 'phags pa sor mo'i phreng ba la phan pa zhes bya ba theg pa chen po'i mdo