e-texts navigator
Collection
Volume
Page
Wylie

156b1 ཕུན་སུམ་ཚོགས་པ་དེས། བྲམ་ཟེའི་བུ་འཇིག་རྟེན་ཐམས་ཅད་ཀྱིས་བལྟ་ན་སྡུག་པ་མཐོང་བ་དང་། སེམས་ཆགས་ནས་རབ་ཏུ་མི་བཟོད་པར་གྱུར་པ་དང་། གོས་དང་རྒྱན་རྣམས་ཀྱང་ལྷོད་ཅིག
156b2 འཕྱང་སྟེ། འདོད་ཆགས་ཀྱིས་ནོན་ནས། མགྱོགས་པ་མགྱོགས་པར་བྲམ་ཟེའི་ཁྱེའུ་འཇིག་རྟེན་ཐམས་ཅད་ཀྱིས་བལྟ་ན་སྡུག་པའི་གོས་ནས་བཟུང་སྟེ། འདོད་པ་ལ་གཞོལ་ཞིང་བསོད་ནམས་མ
156b3 ཡིན་པ་སྐྱེད་དོ། ། དེ་ནས་བྲམ་ཟེའི་བུ་འཇིག་རྟེན་ཐམས་ཅད་ཀྱིས་བལྟ་ན་སྡུག་པ་དེ་རང་བཞིན་གྱིས་བླ་མ་ལ་གུས་པ་དབང་པོ་ཐུལ་པ་བརྒྱུབ་བཞུག་དང་། མི་འགྱུར་བ་ལ་སྤྱོད་པ་སེམས་ཅན་གྱི་མཆོག
156b4 དེས་མཁན་པོའི་ཆུང་མ་ལ་འདི་སྐད་དུ་བླ་མའི་བཙུན་མོ་ཁྱོད་ནི་གདག་གི་མ་དང་འདྲས། དེ་ལྟར་མ་མཛད་ཅིག་ཅེས་སྨྲས་སོ།། དེ་གཏོང་བ་ལྟ་མི་བྱེད་ནས་གོས་གཅིག་བོར་ཏེ་ངོ་ཚ་ནས་གོས་གཅིག
156b5 དང་གུད་དུ་སོང་། དེ་ནས་མཁན་པོའི་ཆུང་མས་འཇིག་རྟེན་ཐམས་ཅད་ཀྱིས་བལྟ་ན་སྡུག་པའི་སེམས་ལ་རྣམ་པར་བརྟགས་ནས། མིག་མཆི་མས་གང་ཞིང་འདོད་པའི་འདོད་ཆགས་ཀྱིས་ནོན་ནས
156b6 རྣམ་པར་སེམས་པར་གྱུར་ཏེ། དེ་ནས་དེ་སྡུག་བསྔལ་ཞིང་འདི་སྙམ་སེམས་སོ།། འཇིག་རྟེན་ཐམས་ཅད་ཀྱིས་བལྟ་ན་སྡུག་པ་བདེ་བའི་བར་ཆད་བྱེད་པ་དེ་ཤིའང་སླས། བུད་མེད་གང་གིས་ཁྱོར
156b7 ཡང་མ་གྱུར་པར་ཐལ་བར་གྱུར་ཅིག་སྙམ་སྟེ། ལུས་ཀུན་རང་གི་སེན་མོས་དྲལ་ནས་ན་ཞིང་མི་བདེ་སྟེ། ལུས་མི་སྡུག་པར་བཅོས་ནས། བུད་མེད་དེས་གཡོ་སྦྱར་ཏེ། ཁྱིམ་གཉིས་ཀྱི་བར་གྱི




iiif viewer powered by OpenSeadragon

156a - 157a

Texts on this page

S82 - 'phags pa sor mo'i phreng ba la phan pa zhes bya ba theg pa chen po'i mdo