| | e-texts navigator
|
386b1 པར་ཡོང་མི་འགྱུར། ། མི་ལུས་རྙེད་པར་ད་ཀ་ར་བ་ཐོབ་གྱུར་ན།། བླུན་རྣམས་ཅི་ཕྱིར་རང་གི་དོན་མི་བྱེད།། བདེ་གཤེགས་བསྟན་ལ་གནོད་བྱེད་སེམས་ལྡན་ན།། ཤི་ནས་གཡངས་ཆེན་པོར་ལྟུང་བར་འགྱུར།། ང་ཡི།།
386b2 འབྱོར་པ་རྒྱལ་ཆེན་ལྷས་ཐོས་ནས།། སྐྱོ་བ་སྐྱེས་ཏེ་སྨོན་ལམ་འདེབས་བྱེད་པ།། མི་ཡི་ལུས་ནི་བད་གིས་ཐོབ་གྱུར་ཅིག། ལེགས་དོན་གྱུར་ནས་ཚངས་སྤོང་བདག་སྟོན་ཤོག། འཆི་བའི་དུས་བྱེད་ཚེ་ཡང་དེ་བཞིན་དུ
386b3 ཆོས་ལ་ཕན་ཞིང་སེམས་ལ་གསལ་གྱུར་ཅིག། ལྷ་སྟོང་བྱེ་བ་ལྷ་མོར་བཅས་པ་ཡིས།། དེ་ནི་བདག་གི་ཡིན་ཞེས་དགའ་བར་བྱེད།། ལྷ་ཡི་བུ་མོ་ཡིད་འོང་བརྒྱན་པ་རྣམས།། སྐྱེད་མོས་ཚལ་བཞིར་དེ་ནི་རྩེ་བྱེད
386b4 འཇུག། ཡིད་དུ་འོང་བའི་སྤོས་དང་ཀུན་ནས་ལྡང་།། གླུ་དབྱངས་སྙན་པའི་སྒྲ་ཡང་ཐོས་པར་འགྱུར།། བསྔགས་པའི་ལྷ་དག་ལས་གར་འགྲོ་བ།། དེ་དང་དེར་ནི་གཟུགས་བཟང་རྣམས་ཀྱང་མཐོང་།། མི
386b5 སྡུག་གཟུགས་ངན་ནམས་ཀྱང་མི་མཐོང་སྟེ། རྒྱལ་བའི་མཆོད་རྟེན་མར་མེ་ཕུལ་བས་འགྱུར།། དེ་ནས་ཤི་འཕྲོས་མི་ཡི་སྲིད་པ་འདིར།། དྲན་དང་ལྡན་ཞིང་མ་ཡི་མངལ་ན་གནས།། བཙས་ནས
386b6 གང་ནས་ཤི་འཕོས་ཚེ་རབས་དྲན། ། འཕགས་པའི་ཡེ་ཤེས་སྟོབས་ལས་ཉམས་མི་འགྱུར།། བདེ་གཤེགས་མཆོད་རྟེན་མར་མ་ཕུལ་བྱས་པས།། དེ་ཡིས་ལས་བྱས་པ་ནི་དེ་ཉིད་ཀྱིས།། འཁོར་ལོས་སྒྱུར
386b7 བའི་མི་བདག་སྟོབས་ཆེན་ལྡན། ། ཡིད་འོང་གཟུགས་བཟང་བལྟ་ན་དགའ་བར་འགྱུར།། དེ་ཡིས་ལས་བྱས་པ་དེས་ཚེ་རིང་འགྱུར།། གཅིག་ཏུ་དག་པ་ཉིད་ཀྱིས་བདེ་དང་ལྡན།། དེ་ཡི་ལུས་ནི་ནད་ཀྱིས་ཉེན་མི
iiif viewer powered by OpenSeadragon
386a - 387a