| | e-texts navigator
|
372a1 འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་དང་། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཕུལ་བ་བས། གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ
372a2 ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇིམ་པ་ལས་སྐྱུ་རུ་རའི་འབྲས་བུ་ཙམ་བྱས་ལ། ཁབ་ཙམ་གྱི་སྲོག་ཤིང་བཙུགས་ཏེ། རྒྱ་ཤུག་གི་ལོ་མ་ཙམ་གྱི
372a3 གདུག་ས་གསོལ་ནས། ནས་ཀྱི་འབྲུ་ཙམ་གྱི་སྐུ་གཟུགས་བྱས་ལ། ཡུངས་འ་བྲུ་ཙམ་གྱི་རིང་བསྲེལ་བཅུག་ན། དེ་ནི་དེ་བས་ཆེས་བསོད་ནམས་ཆེང་སྨྲའོ།། ཀུན་དགའ་བོ་འཛམ་བུའི་གླིང་ལྟ་ཡང་ཞོག། ཤ
372a4 གྱི་ལུ་ས་འཕགས་ཀྱི་གླིང་ལྟ་ཡང་ཞོག། ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་ལྟ་ཡང་ཞོག། བྱང་གི་སྒྲ་མི་སྙན་གྱི་གླིང་ལྷ་ཡ། ནོག་སྟེ། ཀུན་དགའ་བོ་ལྷའི་དབང་པོ་བརྒྱ་བྱིན་གྱི་ཁང་བཟངས་ནམ་པར་རྒྱལ
372a5 བྱེད་ཅེས་བྱ་བ་ཡོད་དོ། ། དེ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དད་པ་གང་ལ་ལ་ཞིག་གིས། རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་ཏུ་བྱས་ཏེ། རྒྱུན་ཏུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས
372a6 ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་དང་། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཕུལ་བ་བས། གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག
372a7 པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇིམ་པ་ལས་སྐྱུ་རུ་རའི་འབྲས་བུ་ཙམ་བྱས་ལ། ཁབ་ཙམ་གྱི་སྲོག་ཤིང་བཙུགས་ཏེ། རྒྱ་ཤུག་གི་ལོ་མ་ཙམ་གྱི་གདུགས
iiif viewer powered by OpenSeadragon
371b - 372b