| | e-texts navigator
|
370b1 རྣམས་ཤིན་ཏུ་ཆེ་བ་གང་ལགས་སྙམ་མོ། ། བདག་གིས་ཡང་འདི་སྙམ་དུ་བསམས་ཏེ། སྟོན་པ་ནི་བདག་གི་མངོན་སུམ་དུ་གྱུར། བདེ་བར་གཤེགས་པ་ནི་བདག་གི་མངོན་སུམ་དུ་གྱུར་གྱིས། བཅོམ་ལྡན་འདས་ལ་བདག
370b2 གིས་དོན་དེ་ཉིད་གསོལ་ཏེ། བཅོམ་ལྡན་འདས་ཀྱིས་བང་གཱ་ལ་ཇི་སྐད་བསྟན་པ་བཞིན་དུ་གཟུང་བར་བགྱི་སྙམ་ནས། བཅོམ་ལྡན་འདས་ལ་བདག་དྲོན་འདི་ཉིད་ཞུ་ལགས་ན། ཐུགས་བརྩེ་བ་ཉེ་བར་བཟུང
370b3 སྟེ། བཅོམ་ལྡན་འདས་ཀྱིས་བདག་ལ་དོན་འདི་ཉིད་ལེགས་པར་བསྟན་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ
370b4 སྩལ་ཏོ། ། ཀུན་དགའ་བོ་ཁྱོད་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བའི་ཕྱིར་ཞུགས་ནས། ལྷ་དང་མི་རྣམས་ལ་ཕན་པ་དང་བདེ་བའི་དོན་གྱི་ཕྱིར་ཁྱོད་དེ
370b5 བཞིན་གཤེགས་པ་ལ་དོན་འདི་ཉིད་འདྲི་བར་སེམས་པ་ནི་ལེགས་སོ་ལེགས་སོ། ། ཀུན་དགའ་བོ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཞིག་དང་། བཤད་དོ།། ཀུན་དགའ་བོ་འཛམ་བུའི་གླིང་གི
370b6 གླིང་ནི་མཆུར་དཔག་ཚད་དུན་སྟོང་། རྒྱར་ཡང་དཔག་ཚད་བདུན་སྟོང་། བྱང་དུ་ནི་ཁ་ཚོན་ཆེ་བ། ལྷོ་ནི་སེགས་ཀར་འདུག་པ། དེ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དད་པ་གང་ལ་ལ་ཞིག་གིས། རིན་པོ་ཆེ་སྣ
370b7 བདུན་གྱི་རང་བཞིན་དུ་བྱས་ཏེ། རྒྱུན་ཏུ་ཞུགས་པ་རྣམས་དང་། ལན་ཅིག་བྱི་རེ་ལོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་དང་། ཕྱོགས་བཞིའི་དགེ
iiif viewer powered by OpenSeadragon
370a - 371a