e-texts navigator
Collection
Volume
Page
Wylie

262b1 རྣམས་ཀྱི་བྱང་ཆུབ་སེམས་དཔའི་བཀོད་པ་དང་། ཉན་ཐོས་རྣམས་ཀྱི་ཉན་ཐོས་ཀྱིས་ཕུན་སུམ་ཚོགས་པ་དག་མཐོང་ངམ། དེ་དག་གིས་གསོལ་པ། བཅོམ་ལྡན་འདས་དེ་དེ་ལྟར་ལགས
262b2 སོ། ། བདེ་བར་གཤེགས་པ་དེ་དེ་ལྟར་ལགས་སོ།། བཀའ་སྩལ་པ། དགེ་སློང་དག་དེ་བཞིན་གཤེགས་པས་ནི་དེ་བས་ཀྱང་ཕྱིར་ཞིང་ལྷག་པ་དང་། ཤིན་ཏུ་ཚད་མེད་པ་དག་ཀྱང་རབ་ཏུ
262b3 མཁྱེན་ཏེ། དགེ་སློང་དག་ངས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་དེ་བཞིན་གཤེགས་པའི་ཕུན་སུམ་ཚོགས་པ་དང་། སངས་རྒྱས་ཀྱི་ཞིང་གི་ཕུན་སུམ་ཚོགས་པ་དག་མཐོང་བ་ནི
262b4 ངས་བསྐལ་པ་འམ། བསྐལ་པ་བརྒྱའམ། བསྐལ་པ་སྟོང་ངམ། བསྐལ་པ་འབུམ་འམ། བསྐལ་པ་བྱེ་བ་འམ། བསྐལ་པ་ཁྲག་ཁྲིག་གམ། དེ་བས་ཀྱང་ལྷག་པ་དེ་ཉིད་དུ་དཔེས་རབ
262b5 ཏུ་ཕྱེ་སྟེ། རྒྱ་ཆེར་ཡང་དག་པར་རབ་ཏུ་བརྗོད་ཀྱང་མཐར་ཐུག་པར་འགྱུར་པ་མེད་དོ།། དགེ་སློང་དག་ངས་ཁྱེད་ཅག་ཉན་ཐོས་རྣམས་ལ་སྟོན་པའི་བྱ་བ་གང་ཡིན་པ་དེ་ཡང་བྱས་ཏེ། ངས་ཆོས་ལ་སློབ་དཔོན
262b6 གྱི་རབ་མཁྱུད་མ་བྱས་པར་ཕྱི་ནང་མེད་པར་རྣམ་པ་ཐམས་ཅད་དུ། ཐམས་ཅད་བསྟན་ཟིན་ཏེ། དེ་ལས་ལྷག་པར་ཐོབ་པར་བྱ་བ་ནི་ཐ་ན་རྩཝའི་རྩེ་མོའི་ཆ་ཤས་ཙམ་ཡང་མེད་ཀྱིས། ད་ཁྱེད་ཅག་གིས་ནན་ཏན་ལ
262b7 གནས་པར་བྱའོ། ། ངས་ཁྱེད་ཅག་ལ་མྱ་ངན་ལས་འདའ་བའི་ཆོས་ཀྱང་བསྟན། མྱ་ངན་ལས་འདའ་བར་འགྲོ་བའི་ལཾ་ཡང་བསྟན། སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་ཤིན་ཏུ་དགའ་བ་དག་ཀྱང་ཡང




iiif viewer powered by OpenSeadragon

262a - 263a

Texts on this page

S73 - 'phags pa khye'u bzhi'i ting nge 'dzin zhes bya ba theg pa chen po'i mdo