| | e-texts navigator
|
91a1 ལ་ནི་བཤིག་པ་མེད། ། དེ་དག་ལ་ནི་སྐྱེ་བ་མེད།། དེ་ཡི་ཕྱིར་ནི་བཤིག་པ་མེད།། ཆོས་རྣམས་ཐམས་ཅད་འཇིག་མེད་ན།། ཡང་དག་རྗེས་སུ་མཐོང་བ་སྟེ།། གང་དག་གི་ནི
91a2 བྱང་ཆུབ་མཆོག། དེ་ནི་ཅུང་ཟད་རྟོགས་པ་མེད།། ཕྲ་རབ་ཆོས་ཀྱང་མ་དམིགས་པས།། སངས་རྒྱས་ཀྱི་ནི་བྱང་ཆུབ་བཤད།། ཆོས་རྣམས་ཐམས་ཅད་གཟུང་དུ་མེད།། དེ་ནི་བྱང་ཆུབ་མཚན
91a3 ཉིད་དོ། ། གཟུངས་ཉིད་རང་བཞིན་མེད་པའི་ཕྱིར།། གཟུངས་ལ་གཟུགས་ནི་མེད་པར་བཤད།། གཞན་དུ་གཟུགས་ནི་མ་གཏོགས་པར།། གཟུགས་སུ་དམིགས་པར་མི་འགྱུར་རོ།། གཟུགས
91a4 ལ་ངོ་བོ་ཉིད་མེད་ཀྱང་། ། ངོ་བོ་ཉིད་ཅེས་བྱ་བ་ཡིན།། དེ་བཞིན་ངོ་བོ་ཉིད་ཤེས་ན།། གཟུངས་ནི་ཉེ་བར་འབྱུང་བ་ཡིན།། གཟུངས་འདི་བྲི་བར་བྱ་བ་ནི།། མིང་ཙམ་ལ་ཡང་གནས་པ་སྟེ།།
91a5 གཟུངས་ཞེས་ངེས་པར་བརྗོད་པ་ཡིན།། ཆོས་དེ་ཡོད་པ་མ་ཡིན་ནོ།། མིག་ལ་གཟུགས་སུ་ཤེས་པར་གྱིས།། དེ་ནི་འཁོར་ལོས་བརྟན་པ་སྟེ།། ཆོས་རྣམས་ཀྱི་ནི་མ་ཆགས་པ།། དེ་ལ་གཟུགས
91a6 ཞེས་བཤད་པ་ཡིན། ། དེ་བཞིན་དུ་ནི་རབ་སྦྱར་ཏེ།། ཡིད་ནི་གཟུགས་སུ་ཤེས་པར་གྱིས།། དེ་ནི་འཁོར་ལོས་བརྟན་པ་སྟེ།། ཆོས་རྣམས་ཀྱི་ནི་མ་ཆགས་པ།། གཟུགས་སོ་ཞེས་ནི་བཤད་པ་ཡིན།།
91a7 འདི་ནི་བཤད་པ་མཐའ་ཡས་པ།། ཆོས་རྣམས་དེ་ལྟར་ཤེས་གྱུར་ན།། ཅི་ཙམ་ཅུང་ཟད་དམིགས་མེད་པ།། ཐམས་ཅད་དུ་ནི་གཟུངས་ཞེས་བཤད།། དམིགས་པ་མང་པོ་མི་མཐོང་བར།། མི་གནས
iiif viewer powered by OpenSeadragon
90b - 91b