e-texts navigator
Collection
Volume
Page
Wylie

88b1 ཅད་ཀྱིས་ཟིལ་གྱིས་མི་ནོན་པའོ། ། འདི་ནི་མུ་སྟེགས་ཅན་དང་། ཕས་ཀྱི་རྒོལ་བ་རྣམས་ཀྱིས་མ་ཡིན་ནོ།། དམིགས་པར་ལྟ་བ་དང་། གང་ཟག་ཏུ་ལྟ་བ་དང་། སེམས་ཅན་དུ་ལྟ་བ་དང་། མཚན་མར་ལྟ
88b2 བ་རྣམས་ཀྱིས་མ་ཡིན་ནོ། ། སེམས་ཅན་འདུ་བྱེད་སྤྱོད་པ་ཐམས་ཅད་ཀྱིས་མ་ཡིན་ནོ།། འཇམ་དཔལ་དེ་དག་ནི་དོན་ལས་སྐྱེས་པའི་ཚིག་རྣམས་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ
88b3 དག་ནི་དེས་ཤེས་རབ་ཀྱི་སྟོབས་བསྐྱེད་པ་འཐོབ་ཅིང་། ། ཆོས་ཐམས་ཅད་ཀྱང་རྟོགས་པར་ཁོང་དུ་ཆུད་པ་ཡིན་ནོ།། འཇམ་དཔལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་གནས་པ། དེ་ལྟར
88b4 ཞུགས་པ་དག་ལ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་སྤོབས་པ་ཉེ་བར་སྒྲུབ་བོ། ། འཇམ་དཔལ་འདི་ལྟ་སྟེ་དཔེར་ན།། རི་དགས་ཀྱི་རྒྱལ་པོ་སོང་གེ་རལ་པ་ཅན་རིགས་བཙུན་པ
88b5 ནི། ཐ་དང་རྐང་པ་བཞི་པ་འོངས་པ་ཐམས་ཅད་ལ་མི་འཇིགས་མི་དངང་སྐྲག་པར་མི་འགྱུར་ཏེ། ཐ་ན་དེ་སྤུ་ཟིང་ཞེས་བྱེད་པ་ཙམ་དུ་ཡང་མི་འགྱུར་རོ།། འཇམ་དཔལ་དེ་བཞིན་དུ་བྱང་ཆུབ་སེམས
88b6 དཔའ་སེམས་དཔའ་ཆེན་པོ་མི་དམིགས་པ་འདི་ལྟ་བུ་དག་ལ་བསླབ་པར་གྱུར་པ་ནི། ཕས་ཀྱི་རྒོལ་བ་དང་། ཀུན་ཏུ་རྒྱུ་དམིགས་པར་ལྟ་བ་ཅན་ཐམས་ཅད་ནས་མངོན་པར་འདུ་བྱེད་པ་ཅན་དག་གི་བར
88b7 ལ་མི་འཇིགས་མི་དངང་སྐྲག་པར་མི་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་སེང་གེའི་སྒྲ་ཆེན་པོ་སྒྲོགས་པའི་ཕྱིར་རོ།། འཇམ་དཔལ་དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཆོས་ཐམས་ཅད་ལ




iiif viewer powered by OpenSeadragon

88a - 89a

Texts on this page

S67 - 'phags pa dpa' bar 'gro ba'i ting nge 'dzin zhes bya ba theg pa chen po'i mdo