| | e-texts navigator
|
86a1 ནི་དཔའ་པར་འགྲོ་བའི་ཏིང་ངེ་འཛིན་འདི་ཐོབ་བོ། ། སྲོག་ཆགས་བརྒྱད་ཁྲི་དྲུག་སྟོང་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། དགེ་སློང
86a2 དང་དགེ་སློང་མ་ཉི་ཁྲི་བརྒྱད་སྟོང་ནི་ལེན་པ་མེད་པར་ཟག་པ་ལས་སེམས་རྣམ་པར་གྲོལ་ལོ། ། དགེ་བསྟན་དང་། དགེ་བསྙེན་མ་བརྒྱད་ཁྲི་དྲུག་སྟོང་གིས་ནི་ཆོས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ
86a3 རྣམ་པར་དག་གོ། ལྷ་ཁྲག་ཁྲིག་ཕྲག་སུམ་ཅུ་རྩ་དྲུག་གིས་ནི་ཆོས་མངོན་པར་རྟོག་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས
86a4 གསོལ་ཏོ། ། བཅོམ་ལྡན་འདས་ལ་དོན་ལས་སྐྱེས་པའི་ཚིག་ཇི་ལྟ་བུ་དག་གིས་མ་འོངས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདས་པ་རྣམས་ཀྱི
86a5 བསླབ་པ་སློབ་ཅིང་ལོབས་ནས། སྤོབས་པ་རྒྱུན་མི་འཆད་པ་འཐོབ་པར་འགྱུར་བ་དེ་ལྟ་བུའི་དོན་ལས་སྐྱེས་པའི་ཚིག་བདག་ལ་བཤད་དུ་གསོལ། དོན་ལས་སྐྱེས་པའི་ཚིག་ཇི་ལྟ་བུས་གཟུངས་འཐོབ
86a6 པར་འགྱུར་བའི་དོན་ལས་སྐྱེས་པའི་ཚིག་དེ་དག་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། ། དེ་ནི་སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། སྐྱེ་བོ
86a7 བལ་པོ་ཆེ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་། སྨན་པ་དང་བདེ་བ་དང་། གང་མ་འོངས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཕྱི་མའི་ཚེ། ཕྱི་མའི་དུས་ལ་དེ་བཞིན་གཤེགས་པས
iiif viewer powered by OpenSeadragon
85b - 86b