| | e-texts navigator
|
85b1 ཡི་གེར་འདྲི་བའམ། ཀློག་པ་དང་། ལུང་ནོད་པ་དང་། ཁ་ཏོན་བྱ་བ་དང་། བཤད་པ་ལ་བརྩོན་པར་བྱའོ།། བློ་གྲོས་བརྟན་པ་ཡང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་བྱང་ཆུབ་འདོད་པས།།
85b2 བསྐལ་པ་བརྒྱ་ཕྲག་སྟོང་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་པ་བས།། གང་གིས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ཐོས་མ་ཐག་ཏུ་སེམས་མ་ཞུམ་ལ་མི་སྐྲག་མི་དངང་དངང་བར་མི་འགྱུར་ཞིང་།
85b3 མོས་པར་བྱེད་ན་དེ་ནི་ཆེས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་བར་འགྱུར་ན། གང་གིས་ཐོས་ནས་ལུང་འབོག་པའམ། གཞན་ལ་འཆད་པར་འགྱུར་བ་ལྟ་ཅི
85b4 སྨོས་དེ་བཞིན་གཤེགས་པའི་བསམ་གྱིས་མི་ཁྱབ་པ་ཐོས་ནས། ། མི་འཇིག་པར་འདོད་པས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དཀོན་མཆོག་འདི་མཉན་པར་བྱའོ།། མ་ཐོས་པའི་ཆོས་རྣམས་ཐོས
85b5 ནས། མི་སྤྱོང་པར་འདོད་པ་དང་། ལྡེམ་པོ་ངག་རྟོག་པར་འདོད་པ་དང་།། ཡེ་ཤེས་མངོན་སུམ་དུ་གྱུར་པར་རྟོག་པར་འདོད་པས། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ལ་མོས་པར་བྱའོ།། དཔའ
85b6 བར་འགྲོ་བའི་ཏིང་ངེ་འཛིན་འདི་བཤད་པའི་ཚེ། ། སེམས་ཅན་གྲངས་མེད་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་སོ།། གང་བྱང་ཆུབ་སེམས་དཔའི་ས་ལ་གནས་པ་ནི
85b7 དེད་བས་ཀྱང་ཤིན་ཏུ་ཚད་མེད་དོ། ། གང་དག་བཟོད་པ་ཐོབ་པར་གྱུར་པ་ནི་དེ་བས་ཀྱང་ཤིན་ཏུ་ཚད་མེད་དོ།། སྐྱེ་བ་གཅིག་གིས་ཐོག་པ་ཡང་ཚད་མེད་པར་གྱུར་ཏོ།། བྱང་ཆུབ་སེམས་དཔའི་ཁྲི་བརྒྱད་སྟོང་གིས
iiif viewer powered by OpenSeadragon
85a - 86a