e-texts navigator
Collection
Volume
Page
Wylie

83a1 ཀྱང་སྟོན་ཏེ། བློ་གྲོས་བརྟན་པ་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་འོད་གཟེར་གྱིས་བརྒྱན་པ་རྣམ་པར་འཕྲུལ་པའི་རྒྱལ་པོ་དེའི་ཚེ་ཚད
83a2 ཇི་ཙམ་པ་ངའི་ཚེ་ཚད་ཀྱང་དེ་ཙམ་མོ། ། བློ་གྲོས་བརྟན་པས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་འོད་གཟེར་གྱིས་བརྒྱན་པ་རྣམ་པར་འཕྲུལ་པའི་རྒྱལ
83a3 པོ་དེའི་སྐུ་ཚེའི་ཚད་ཇི་ཙམ་ལགས། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་བརྟན་པ་ཁྱོད་སོང་ལ་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་འོད་ཟེར་གྱིས་བརྒྱན་པ་རྣམ་པར་འཕྲུལ་པའི
83a4 རྒྱལ་པོ་དེ་ཉིད་ལ་ཞུས་ཤིག་དང་། དེ་ཉིད་ཁྱོད་ལ་ལན་འདེབས་པར་འགྱུར་རོ།། དེ་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་བརྟན་པ་སངས་རྒྱས་ཀྱི་མཐུ་དང་། ཏིང་ངེ་འཛིན་གྱི་མཐུ་དང་།།
83a5 བདག་གིས་དགེ་བའི་སྟོབས་བསྐྱེད་པས་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ཉིད་ལ། འཇིག་རྟེན་གྱི་ཁམས་རྣམ་པར་སྤྱད་པ་ཞེས་བྱ་བར་སོང་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར
83a6 སྣང་མཛད་བོད་ཟེར་གྱིས་བརྒྱན་པོ་རྣམ་པར་འཕྲུལ་པའི་རྒྱལ་པོའི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། ཕྱོགས་གཅིག་ཏུ་འདུག་ནས། བཅོམ
83a7 ལྡན་འདས་དེ་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ཀྱི་སྐུ་ཚེའི་ཚད་ཇི་ཙམ་ལགས། ཇི་སྲིད་ན་ཤིན་ཏུ་ཡོངས་སུ་མྱ་ངན་ལས་འདའ་བས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར།།




iiif viewer powered by OpenSeadragon

82b - 83b

Texts on this page

S67 - 'phags pa dpa' bar 'gro ba'i ting nge 'dzin zhes bya ba theg pa chen po'i mdo