e-texts navigator
Collection
Volume
Page
Wylie

82b1 ནི་དེ་བས་འདི་ཆེས་མཆོག་ལགས་སོ། ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་སེམས་ཅན་དེ་དག་ཐམས་ཅད་ནི་ཉན་ཐོས་ཀྱི་ཐེག་པར་བཏུལ་བ་ལགས་ཏེ། བྱང་ཆུབ་སེམས་དཔའི་འདུལ་བའི
82b2 བརྒྱའི་ཆར་ཡང་ཉེ་བར་མི་མཆི་བ་ནས་རྒྱུའི་བར་དུ་ཡང་ཉེ་བར་མི་མཆི་སྟེ། གང་དེ་བྱང་ཆུབ་སེམས་དཔའ་དག་ངེས་པར་བྱུང་བ་དང་། ངེས་པར་འབྱུང་བར་འགྱུར་བ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དེ་ནི
82b3 དེ་ཙམ་དུ་ཚད་མ་མཆིས་སོ། ། བཅོམ་ལྡན་འདས་དེ་ལྟ་བས་ན། བྱང་ཆུབ་སེམས་དཔའ་ངེས་པར་འབྱུང་བའི་ལམ་ཐམས་ཅད་ཀྱིས་ངེས་པར་འབྱུང་ངེས་པར་འབྱུང་བ་དང་བར་འཚལ་བས།། དཔའ
82b4 བར་འགྲོ་བའི་ཏིང་ངེ་འཛིན་འདི་ལ་བརྩོན་པར་བགྱིའོ། ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་བརྟན་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ
82b5 བཞིན་གཤེགས་པའི་སྐུ་ཚེའི་ཚད་ཇི་ཙམ་ལགས། ཇི་སྲིད་ན་དེ་བཞིན་གཤེགས་པ་ཤིན་ཏུ་ཡོངས་སུ་མྱ་ངན་ལས་འདའ་བས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར། བཅོམ་ལྡན་འདས་ཀྱིས
82b6 བཀའ་སྩལ་པ། བློ་གྲོས་བརྟན་པ་ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་འདི་ནས། སངས་རྒྱས་ཀྱི་ཞིང་སུམ་ཁྲི་ཉིས་སྟོང་འདས་པ་ན། འཇིག་རྟེན་གྱི་ཁམས་རྣམ་པར་སྤྱད་པ་ཞེས་བྱ་བ་དེ་ན་དེ
82b7 བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་འོད་ཟེར་གྱིས་བརྒྱན་པ་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞེས་བྱ་བ་ད་ལྟར་བཞུགས་ཤིང་། ། ཚོལ་གཞེས་ཤིང་ཆོས




iiif viewer powered by OpenSeadragon

82a - 83a

Texts on this page

S67 - 'phags pa dpa' bar 'gro ba'i ting nge 'dzin zhes bya ba theg pa chen po'i mdo