e-texts navigator
Collection
Volume
Page
Wylie

81b1 སེམས་དཔའ་གཞན་ལྔ་བརྒྱས་ཀྱང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ཐོབ་མ་ཐག་ཏུ་ཕྱོགས་བཅུར་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པ་ཡང་མཐོང་བར་གྱུར་ཏོ། ། ཆོས་ཐམས་ཅད་ཀྱི
81b2 ཚུལ་ལ་འཇུག་པ་ལ་ཡང་སྣང་བ་ཐོབ་པར་གྱུར་ཏོ། ། ས་བཅུ་པ་ཡང་ཐོབ་ཅིང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་དབང་བསྐུར་བ་ཡང་ཐོབ་བོ།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས
81b3 འདི་ཡང་རྣམ་པ་དྲུག་ཏུ་གཡོས་སོ། ། སྣང་བ་རྗེན་པོས་ཀྱང་ཁྱབ་པར་གྱུར་ཏོ།། སྟེང་གི་བར་སྣང་ལ་ལྷའི་སིལ་སྙན་བརྒྱ་སྟོང་དག་ཀྱང་དཀྲོལ་བར་གྱུར་ཏོ།། མེ་ཏོག་གི་ཆར་དག་ཀྱང་བབ་བོ།།
81b4 དེ་ནས་བཅོམ་ལྡན་འདས་ཀྱིས།། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལོང་ཤིག། རུང་ཞིག་། ཆོས་ཤིག། ལྟོགས་ཤིག། ཀུན
81b5 ཆུབ་པར་གྱིས་ཤིག། གཞན་དག་ལ་ཡང་རྒྱ་ཆེར་ཤོད་ཤིག། དེ་ནས་བཅོམ་ལྡན་འདས་ལ། བརྒྱ་བྱིན་རི་རབ་ལྷུན་པོའི་རྩེ་མོ་འཛིན་གྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཅི
81b6 ལགས། ། གནས་བརྟན་ཀུན་དགའ་བོ་དྲན་པའི་ཡེ་ཤེས་ཕྱོགས་གཅིག་པ་དང་ལྡན་པ།། ཕ་རོལ་གྱི་སྒྲའི་རྗེས་སུ་མཆིས་པ་ལ། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དཀོན་མཆོག་འདི་གཏད་པར་མཛད་དམ།།
81b7 བཅོམ་ལྡན་འདས་བདག་གི་བདེན་པའི་ཚིག་གི་བདེན་པ་གང་གིས། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ད་ལྟར་དང་། ཕྱི་མའི་ཚེ་ལྔ་བརྒྱ་པ་ཐ་མ་ལ། རྒྱས་པར་བགྱིད་པའི་བདེན་པའི་ཚིག་གི




iiif viewer powered by OpenSeadragon

81a - 82a

Texts on this page

S67 - 'phags pa dpa' bar 'gro ba'i ting nge 'dzin zhes bya ba theg pa chen po'i mdo