| | e-texts navigator
|
74a1 ཀྱང་བསྐྱེད་ལ་དེ་སྔོན་སྡིག་པའི་ལས་བགྱིས་པས་ནི། སེམས་ཅན་དམྱལ་བར་ཡང་མཆི་མོད་ཀྱི་འོན་ཀྱང་དེ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་ནང་དུ་ཡང་ཆུང་བར་མཆིའོ།།
74a2 དགྲ་བཅོམ་པ་ཟག་པ་ཟད་པ་ཤིན་ཏུ་བསླབས་པ་སྣོད་དུ་མ་གྱུར་པས། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་ཅི་ཞིག་བགྱིར་མཆིས་ཏེ། བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན།། སྦྲང
74a3 རྩི་འམ། མར་རམ། འབྲུ་མར་གྱི་སྦྱིན་པ་ཆེན་པོ་བགྱིད་པའི་ཚེ།། མི་མང་པོ་སྣོད་ཐོགས་ཏེ་མཆིས་པ་ལས། དེ་ན་མི་ཞིག་དྲན་པ་ཉམས་པས་སྣོད་ཆག་པར་གྱུར་ན། དེ་སྦྲང་རྩི་དང་། མར་དང་།
74a4 འབྲུ་མར་གྱི་སྦྱིན་གཏོང་བགྱི་བ་དེར་མཆིས་སུ་ལགས་ཀྱང་སྣོད་ཆུག་པའི་སླད་དུ་ཅི་བགྱིར་ཡང་མ་མཆིས་ཏེ། དེ་བདག་ཅི་ཡོག་པ་ཞིག་འཚལ་ནས་མཆི་བར་བས་ཀྱིས།། སེམས་ཅན་གཞན་དག
74a5 ལ་འདྲང་བར་བགྱི་ཞིང་བསྟབས་པའི་སླད་དུ། བླངས་ཏེ་མཆི་ནི་མི་ནུས་སོ།། བཅོམ་ལྡན་འདས་མི་གང་དག་སྣོད་དང་ལྡན་པ་ནི་བདག་ཀྱང་ཅི་ཡོག་ཏུ་འཚལ་ལ། སྣོད་ཀྱང་ཡོངས་སུ་བཀང་ནས
74a6 བླངས་ཏེ་མཆིས་པས། ། སེམས་ཅན་གཞན་དག་གི་ཡང་ཉེ་བར་འཚོ་བ་ལགས་སོ།། བཅོམ་ལྡན་འདས་གཞན་ཡང་སྦྲང་རྩི་དང་མར་དང་འབྲུ་མར་གྱི་སྦྱིན་གཏོང་གི་མཆོད་སྦྱིན་ཞེས་བགྱི་བ་དེ་ནི། དེ
74a7 བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བའི་ཚིག་བླ་དགས་སོ། ། སྣོད་ཆག་པའི་མིས་ཅི་ཡོག་པར་འཚལ་ཏེ་མཆི་བ་རབས་ཀྱི། བླངས་ཏེ་མཆི་མི་ནུས་སོ་ཞེས་བགྱི་བ་དེ་ནི་ཉན་ཐོས་དང་།
iiif viewer powered by OpenSeadragon
73b - 74b