| | e-texts navigator
|
73a1 ལྡན་པ་ངོ་མཚར་ན། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ཏིང་ངེ་འཛིན་གང་ལ་གནས་ཏེ། བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་འདི་ལྟ་བུ་འདི་སྟོན་པར
73a2 བགྱིད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བྱ་དག་འདི་ལ་འཇམ་དཔལ་གཞོན་ནུར་གྱུར་པ།། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་གནས་ནས། བསམ་གྱིས་མི་ཁྱབ་པའི་ཆོས
73a3 ཉིད་འདི་ལྟ་བུ་འདི་སྟོན་ཏེ། བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་དེ་ལ་གནས་ནས། དད་པས་རྗེས་སུ་འབྲང་བ་ཡང་ཡིན་ལ། གཞན་གྱི་དད་པས་འགྲོ་བ་ཡང་མ་ཡིན། ཆོས་ཀྱི་རྗེས་སུ་འབྲང་བ
73a4 ཡང་ཡིན་ལ། ། ཆོས་ཉིད་དང་། ཆོས་ཀྱི་འཁོར་ལོ་སྐོར་བ་ལས་ཉམས་པ་ཡང་མ་ཡིན། བརྒྱད་པ་ཡང་ཡིན་ལ་ལོག་པ་བརྒྱད་དུ་ལྟུང་བའི་སེམས་ཅན་རྣམས་ཀྱི་ཕྱིར། བསྐལ་པ་གྲངས་མེད་པ་ལ
73a5 སྤྱོད་པ་ཡང་ཡིན། ། རྒྱུན་དུ་ཞུགས་པ་ཡང་ཡིན་ལ། སེམས་ཅན་རྒྱུན་ཕྱོགས་སུ་དེད་པ་རྣམས་ཀྱི་ཕྱིར་ཉན་ཐོས་ཀྱི་སྐྱོན་མེད་པར་ཡང་མི་ལྟུང་། ལན་ཅིག་ཕྱིར་འོང་བ་ཡང་ཡིན་ལ། འཇིག་རྟེན་གྱི
73a6 ཁམས་ཐམས་ཅད་དུ་སྣང་བ་ཡང་ཡིན། ། ཕྱིར་མི་འོང་བ་ཡང་ཡིན་ལ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་དོན་ཏུའང་འོང་། དགྲ་བཅོམ་པ་ཡང་ཡིན་ལ། སངས་རྒྱས་ཀྱི་ཆོས་ཡོངས་སུ
73a7 ཚོལ་བའི་ཕྱིར། བརྩོན་འགྲུས་བརྩམས་པ་ཡང་ཡིན།། ཉན་ཐོས་ཀྱང་ཡིན་ལ། སྤོབས་པ་རྒྱུན་མི་འཆད་པའི་ཕྱིར། སེམས་ཅན་ཐམས་ཅད་ལ་ཆོས་འཆད་པ་ཡང་ཡིན། རང་སངས་རྒྱས་ཀྱང་ཡིན
iiif viewer powered by OpenSeadragon
72b - 73b