e-texts navigator
Collection
Volume
Page
Wylie

72b1 དག་གི་ནང་དུ་ཡང་ཁོ་བ་ཡོངས་སུ་མྱ་ངན་ལས་འདས་པར་བསྟན་ཅིང་། དེ་དག་ཀྱང་ཁོ་བོ་ཡོངས་སུ་མྱ་ངན་ལས་འདས་པ་ལ་མཆོད་པ་བྱེད་དོ།། བཙུན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ཀྱང
72b2 རྣམ་པར་སྣང་བའི་བསྐལ་པ་བར་མ་དེ་ལ་ཁོ་བོ་ལན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་སུམ་ཅུ་རྩ་དྲུག་ཏུ། རང་སངས་རྒྱས་ཀྱི་ཐེག་པས་ཡོངས་སུ་མྱ་ངན་ལས་འདས་ཏེ། རྒྱལ་པོའི་ཕོ་བྲང་ཐམས་ཅད
72b3 དུ་ཡང་། ཁོ་བོས་སྤོགས་ཆགས་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་རང་སངས་རྒྱས་ཀྱི་ཐེག་པ་ལ་རབ་ཏུ་བཏུལ་ལོ།། བཙུན་པ་ཤཱ་རིའི་བུ་དེ་ནི་རང་སངས་རྒྱས་ཀྱི་ཐེག་པས་ཡོངས་སུ་མྱ་ངན་ལས་འདའ
72b4 བ་ཡིན་མོད་ཀྱི། ཤིན་ཏུ་ཡོངས་སུ་མྱ་ངན་ལས་ཀྱང་མི་འདའོ།། འཇམ་དཔལ་གཞོན་ནུར་གྱུར་པས་བཤད་པ་འདི་ལན་བཏབ་མ་ཐག་ཏུ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས
72b5 འདི་རྣམ་པ་དྲུག་ཏུ་གཡོས་སོ། ། སྣང་བ་ཆེན་པོས་ཀྱང་ཁྱབ་པར་གྱུར་ཏོ།། ལྷ་བརྒྱ་སྟོང་དག་ཀྱང་འཇམ་དཔལ་གཞོན་ནུར་གྱུར་པ་ལ་མཆོད་པའི་ལས་བྱ་བའི་ཕྱིར་མེ་ཏོ་གི་ཆར་དག་ཀྱང་འབེབས
72b6 སོ། ། ངོ་མཆེར་རྨད་དུ་བྱུང་བའི་ཆོས་ཀྱི་སྒྲ་ཡང་འབྱིན་ཏོ།། བཅོམ་ལྡན་འདས་བདག་ཅག་གིས་དེ་བཞིན་གཤེགས་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པ་ཡང་མཐོང་། དཔའ་བར་འགྲོ
72b7 བའི་ཏིང་ངེ་འཛིན་འདི་ཡང་ཐོས་ཏེ། རྙེད་པ་ལེགས་པར་རྙེད་དོ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ།། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་འདི་བསམ་གྱིས་མི་ཁྱབ་པའི་ཆོས་དང




iiif viewer powered by OpenSeadragon

72a - 73a

Texts on this page

S67 - 'phags pa dpa' bar 'gro ba'i ting nge 'dzin zhes bya ba theg pa chen po'i mdo