| | e-texts navigator
|
69a1 དེ་ནས་བཅོམ་ལྡན་འདས་ཀྱིས་གནས་བརྟན་ཀུན་དགའ་བོ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལེགས་སོ་ལེགས་སོ།། ཀུན་དགའ་བོ་དེ་དེ་བཞིན་ནོ།། ཇི་སྐད་སྨྲས་པ
69a2 བཞིན་ཏེ། ཁྱོད་ནི་སངས་རྒྱས་ཀྱི་མཐུས་ཀུན་ཆུབ་པར་བྱེད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་ཟླ་བ་དྲི་མ་མེད་པའི་སྙིང་པོ་ལ་བཀའ་སྩལ་པ། ལྷའི་བུ་དགེ་སྦྱོང་ཀུན་དགའ་བོས
69a3 ཆོས་ཀུན་ཆུབ་པར་བྱས་པ་ནི་ཉུང་གི། གང་དག་ཀུན་ཆུབ་པར་མ་བྱས་པ་ནི་དཔག་ཏུ་མེད་དོ།། ལྷའི་བུ་དེ་བཞིན་གཤེགས་པས་ཆོས་ཇི་སྙེད་མངོན་པར་རྫོགས་པར་སངས་རྒྱས་པའི་ཆོས་འདུལ་བ་དེ
69a4 ལས་བྱེ་བའི་ཆ་འམ། བྱེ་བ་སྟོང་གི་ཆ་འམ། བྱེ་བ་བརྒྱ་སྟོང་གི་ཆའི་ཆ་ཤས་ཀྱང་ངས་མ་བཤད་དོ།། ངས་གང་བཤད་པ་དེ་ལས་བྱེ་བ་བརྒྱ་སྟོང་གི་རྨ་ཤས་ཀྱང་དགེ་སློང་ཀུན་དགའ་བོས་མ་བཟུང་ངོ་།།
69a5 ལྷའི་བུ་ང་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་ལྷགས་པའི་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དག་དང་། བྱང་ཆུབ་སེམས
69a6 དཔའ་དག་དང་། ཉིན་ཞག་གཅིག་ཅིང་ཆོས་ཀྱི་འབེལ་བའི་གཏམ་བཤད་པ་དང་། དྲི་བ་རྣམ་པར་ཕྱེ་བ་བཤད་པ་དང་། མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་། ལུང་དུ་བསྟན་པའི་སྡེ
69a7 དང་། ཚིགས་སུ་བཅད་པའི་སྡེ་དང་།། ཆེད་དུ་བརྗོད་པའི་སྡེ་དང་། རྟོག་པ་བརྗོད་པའི་སྡེ་དང་། གླེང་གཞིའི་སྡེ་དང་། དེ་ལྟ་བུ་བྱུང་བའི་སྡེ་དང་། སྐྱེས་པ་རབས་ཀྱི་སྡེ་དང་། ཤིན་ཏུ་རྒྱས་པའི་སྡེ
iiif viewer powered by OpenSeadragon
68b - 69b