e-texts navigator
Collection
Volume
Page
Wylie

67b1 འདས་ཀྱིས་བཀའ་སྩལ་ཏོ། ། བློ་གྲོས་བརྟན་པ་འདི་ལྟ་སྟེ་དཔེར་ན།། མཐའ་འཁོབ་ཀྱི་གླིང་ན་གནས་པ་ལ་ནི་ཁམས་ཀྱི་རྒྱལ་པོའི་ཁམས་ཀྱི་རྒྱལ་པོའི་ཞེས་བཤད་མོད་ཀྱི།
67b2 གང་གི་ཚེ་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་འཁོབ་ཀྱི་གླིང་དུ་སོང་བ་ན། དེ་ལ་ཁམས་ཀྱི་རྒྱལ་པོ་ཞེས་མི་བརྗོད་ཀྱི། དེ་ན་འཁོར་ལོ་སྒྱུར་བའི་རྒྱལ་པོ་ཡིན་པས་ན། འཁོར་ལོ་སྒྱུར་བའི
67b3 རྒྱལ་པོས་ཁམས་ཀྱི་རྒྱལ་པོ་དེ་ཟིལ་གྱིས་ནོན་ཏོ། ། བློ་གྲོས་བརྟན་པ་དེ་བཞིན་དུ་གྲོང་དང་། གྲོང་ཁྱེར་དང་།། གྲོང་བརྡལ་གང་དག་ན། བྱང་ཆུབ་སེམས་དཔའ་མི་གནས་པ་དེ་དག་ན་བདག་སྦྱིན
67b4 པའི་གནསོ་ཞེས་བྱ་བའི་གྲངས་སུ་འགྲོ་མོད་ཀྱི་གང་གི་ཚེ་དེར་དེ་བཞིན་གཤེགས་པ་བཞུགས་སམ། ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ལ་ལ་ཞིག་གནས་པར་གྱུར་ན།། དེའི་ཚེ་ཁོ་བོ་སྦྱིན
67b5 པའི་གནས་ཤེས་བྱ་བའི་གྲངས་སུ་མི་འགྲོ་སྟེ། ཁོ་བོ་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པའི་སེམས་ཟིལ་གྱིས་མནན་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་གནས་བརྟན་རབ
67b6 འབྱོར་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། རབ་འབྱོར་འདི་ལྟར་ཉན་ཐོས་ཆེན་པོ་མངོན་པའི་ང་རྒྱལ་མེད་པ་འདི་བསྟན་པ་ལེགས་སོ།། ལེགས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་བློ
67b7 གྲོས་བརྟན་པས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ།། འཇམ་དཔལ་མང་དུ་ཐོས་པ་མང་དུ་ཐོས་པ་ཞེས་བྱ་བ།། འཇམ་དཔལ་ཇི་ཙམ་གྱིས་ན། མང་དུ་ཐོས་པ་ཡིན།




iiif viewer powered by OpenSeadragon

67a - 68a

Texts on this page

S67 - 'phags pa dpa' bar 'gro ba'i ting nge 'dzin zhes bya ba theg pa chen po'i mdo