e-texts navigator
Collection
Volume
Page
Wylie

67a1 ཤིན་ཏུ་ཀུན་ཏུ་ཆགས་པར་ཡང་སྣང་ལ། ཉོན་མོངས་པ་ཐམས་ཅད་དང་བྲལ་བས། འདོད་ཆགས་དང་བྲལ་བར་ཡང་གྱུར་པ་དང་། ཤིན་ཏུ་ཡོངས་སུ་མྱ་ངན་ལས་འདས་པ།
67a2 ཡང་ཡིན་ལ། འཁོར་བའི་སྤྱོད་པ་འཁྲུག་པར་མི་བྱེད།། སྟོང་པར་ཡང་མི་བྱེད་པ་སྟེ། རིགས་ཀྱི་བུ་ཆོས་བཅུ་པོ་དེ་དག་དང་ལྡན་ན།། སྦྱིན་པའི་གནས་ཞེས་བྱའོ།། དེ་ནས་བྱང
67a3 ཆུབ་སེམས་དཔའ་བློ་གྲོ་བརྟན་པས། གནས་བརྟན་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ།། གནས་བརྟན་རབ་འབྱོར་ནི། བཅོམ་ལྡན་འདས་ཀྱིས་སྦྱིན་པའི་གནས་ཀྱི་ནང་ན། མཆོག་ཏུ་བཀའ་སྩལ
67a4 ན། འཇམ་དཔལ་གཞོན་ནུར་འགྱུར་བས། གང་ཆོས་བཅུ་པོ་འདི་དག་བཤད་པའི་ཆོས་དེ་དག་གི་ནང་ན། གནས་བརྟན་རབ་འབྱོར་སྣང་ངམ། དེ་སྐད་ཅེས་སྨྲས་པ་དང་། གནས་བརྟན་རབ་འབྱོར
67a5 གྱིས། བྱང་ཆུབ་སེམས་དཔའ་བློ་གྲོས་བརྟན་པ་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ་དེ་ལས་ཆོས་གཅིག་ཀྱང་ཁོ་བོ་ལ་མེད་ན། བཅུ་ལྟ་ཅི་སྨོས་སྨྲས་པ། བོ་ན་ད་ཇི་ལྟར་ན་གནས་བརྟན་རབ
67a6 འབྱོར་སྦྱིན་པའི་གནས་ཀྱི་ནང་ན་མཆོག་ཅེས་བྱ། ། རབ་འབྱོར་གྱིས་སྨྲས་པ། རིགས་ཀྱི་བུ་ཁོ་བོ་ནི་བྱང་ཆུབ་སེམས་དཔའ་དང་བསྐྲུན་ཏམ། དེ་བཞིན་གཤེགས་པ་དང་རང་སངས་རྒྱས་དང་བསྐྲུན་ཏེ།
67a7 སྦྱིན་པའི་གནས་ཀྱི་ནང་ན་མཆོག་གོ་ཞེས་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་གྱི་ས་པ། རིགས་ཀྱི་བུ་ཁོ་བོ་ནི་ཉན་ཐོས་རྣམས་དང་བསྐྲུན་ཏེ། སྦྱིན་པའི་གནས་ཀྱི་ནང་ན་མཆོག་གོ་ཞེས་བཅོམ་ལྡན




iiif viewer powered by OpenSeadragon

66b - 67b

Texts on this page

S67 - 'phags pa dpa' bar 'gro ba'i ting nge 'dzin zhes bya ba theg pa chen po'i mdo