e-texts navigator
Collection
Volume
Page
Wylie

65b1 པ་ཡིན་ཏེ། རིགས་ཀྱི་བུ་དག་ཆོས་བཞི་པོ་དེ་དག་དང་ལྡན་ན།། ཏིང་ངེ་འཛིན་འདིལ་མོས་པ་འམ།། ཡིད་ཆེས་པར་སླའོ།། དགྲ་བཅོམ་པ་བརླག་པ་ཡོངས་སུ་རྫོགས་པ་འམ། ལྟ་བ་ཕུན
65b2 སུམ་ཚོགས་པ་འམ། ། རྒྱུན་ཏུ་ཞུགས་པ་འམ།། དད་པས་རྗེས་སུ་འབྲང་བ་གང་ཡིན་པ་དེ་དག་ཀྱང་དེ་བཞིན་གཤེགས་པ་ལ་དད་པས་མོས་པ་ཡིན་གྱི། དེ་དག་འདི་ལ་མངོན་ཏུ་གྱུར་པ་ནི་མ་ཡིན
65b3 ནོ། ། རིགས་ཀྱི་བུ་དག་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་རྟོག་པར་ཁོང་དུ་ཆུད་པར་མི་ནུས་ན། སེམས་ཅན་གཞན་དག་གིས་ལྟ་ཅི་སྤྲོས་དེ་ནས་བཅོམ་ལྡན
65b4 འདས་ལ། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། མི་དམུས་ལོང་ལ་ལ་ཞིག་གཉིད་ལོག་པའི་རྨི་ལམ་ན། མིག་རྙེད་དེ་གཟུགས
65b5 ཀྱི་རྣམ་པ་དག་ཀྱང་མཐོང་བར་གྱུར་ནས། དེ་རྨི་ལམ་ན་ཆོམ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ཞིང་། དགའ་བ་དང་ཡིད་བདེ་བ་སྐྱེས་ནས། སེམས་ཅན་མིག་དང་ལྡན་པ་གཞན་དག་དང་།
65b6 འགྲེང་བ་འམ། མཆིས་པའམ། འཆག་པ་འམ། སྨྲ་བར་བགྱིད་པ་ལས། བཅོམ་ལྡན་འདས་མི་དམུས་ལོང་དེ་སད་པ་དང་། མི་དེ་དམུས་ལོང་ཉིད་ལགས་ཏེ། གཟུགས་དག་མི་མཐོང་ངོ་།། བཅོམ
65b7 ལྡན་འདས་དེ་བཞིན་དུ་གང་གི་ཚེ། ། བདག་ཅག་གིས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་མཐོས་པ་དེའི་ཚེ། བདག་ཅག་ཡིད་རངས་ཏེ། དགའ་བ་དང་།། ཡིད་བདེ་བ་སྐྱེས་པར་གྱུར་ལ། བདག་ཅག




iiif viewer powered by OpenSeadragon

65a - 66a

Texts on this page

S67 - 'phags pa dpa' bar 'gro ba'i ting nge 'dzin zhes bya ba theg pa chen po'i mdo