| | e-texts navigator
|
65a1 གྱུར་ཏེ། བཟོད་པ་མི་ཕྱེད་པ།། དད་པ་ལ་གནས་པ། དེ་བཞིན་གཤེགས་པས་ཡོངས་སུ་ཟིན་པ། དགེ་བའི་རྩ་བ་ཤིན་ཏུ་བགྱིས་པ།། རྙེད་པ་ལེགས་པར་རྙེད་པ།
65a2 བདུད་དང་ཕྱིར་རྒོལ་བ་བཅོམ་པ། ལྟུང་བ་བཅད་ད།། དགེ་བའི་བཤེས་གཉེན་གྱིས་ཤིན་ཏུ་ཟིན་པ་དག་ལགས་སོ།། བཅོམ་ལྡན་འདས་ཀྱིས་ཇི་ལྟར་བཀའ་སྩལ་པའི་དོན་བདག་གིས་འཚལ
65a3 པ་ལྟར་ན། ། གང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ཐོས་མ་ཐག་ཏུ་མོས་པའི་སེམས་ཅན་དེ་དག་ནི། སངས་རྒྱས་ཀྱི་ཆོས་ལ་མོས་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
65a4 རིགས་ཀྱི་བུ་དེ་དེ་བཞིན་ནོ།། ཇི་སྐད་སྨྲས་པ་བཞིན་ཏེ། དགེ་བའི་རྩ་བ་མ་བསྐྱེད་པའི་སེམས་ཅན་དེ་དག་གིས་ནི་བསྟན་པ་འདི་ཐོས་ནས་ཡིད་ཆེས་པར་མི་ནུས་ཏེ། རིགས་ཀྱི་བུ་གང་དཔའ་བར་འགྲོ
65a5 བའི་ཏིང་ངེ་འཛིན་འདི་ལ་མོས་པར་འགྱུར་བའི་སེམས་ཅན་དེ་དག་ནི་ཉུང་ངོ་། ། གང་དག་སྤོང་ཞིང་མོས་པར་མི་འགྱུར་བདག་ནི་མང་ངོ་།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང
65a6 ལྡན་ན། ། ཏིང་ངེ་འཛིན་འདི་ལ་མོས་པར་ནུས་སོ།། བཞི་གང་ཞེ་ན། དེས་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལས་ཏིང་ངེ་འཛིན་འདི་སྔོན་ཆད་ཐོས་པ་ཡིན། དགེ་བའི
65a7 བ་ཤེས་གཉེན་གྱིས་ཡོངས་སུ་ཟིན་ཅིང་། ལྷག་པའི་བསམ་པ་ལ་གནས་པ་ཡིན།། དགེ་བའི་རྩ་བ་བསགས་པ་དང་། རྒྱ་ཆེན་པོ་ལ་མོས་པ་ཡིན།། ཐེག་པ་ཆེན་པོ་འདི་ལ་ལུས་མངོན་ཏུ་བྱས
iiif viewer powered by OpenSeadragon
64b - 65b