| | e-texts navigator
|
64b1 ལྟར་མོས་པ་དག་ལ་དེ་བཞིན་དུ་ཆོས་སྟོན་ཏེ། སེམས་ཅན་སྣོད་ཏུ་མ་གྱུར་པ་དག་ནི།། ཇི་ལྟར་དམུས་ལོང་གི་སེམས་ཀྱིས་མ་ཤེས་མ་མཐོང་བ་བཞིན་ནོ།། དེ་ནས་ཐམས་ཅད་དང་ལྡན་པའི
64b2 འཁོར་དེ་ངོ་མཚར་དུ་གྱུར་ནས། དགའ་པ་དང་། དད་པ་དང་། མཆོག་ཏུ་དགའ་བ་ལ་གནས་སོ།། གང་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ
64b3 ཅི་དང་། ལྟོ་འཕྱེ་ཆེན་པོ་དང་།། མི་དང་མི་མ་ཡིན་པ་དེ་དག་གིས།། དེ་བཞིན་གཤེགས་པ་ལ་མེ་ཏོག་སིལ་མས་གཏོར་ཏོ།། སིལ་སྙན་ཡང་དཀྲོལ་ཏོ།། མེ་ཏོག་དང་། བདུག་པ་དང་། སྤོས་དང
64b4 ཕྲེང་བ་དང་། བྱུག་པ་དག་ཀྱང་གཏོར་ཏོ།། ཉན་ཐོས་ཆེན་པོ་དེ་དག་གིས་ཀྱང་བདག་བདག་གི་བླ་གོས་དེ་བཞིན་གཤེགས་པའི་སྐུ་ལ་གསོལ་ཏོ།། བྱང་ཆུབ་སེམས་དཔའ་དེ་དག་གིས་ཀྱང་། མེ་ཏོག་གི
64b5 སྐོན་བུ་རི་རབ་དང་མཉམ་པ་དང་། ཙན་དན་དང་། སྤོས་དང་། འཕྲེང་བ་དང་། ཕྱེ་མ་དང་། བྱུག་པ་དག་གིས་དེ་བཞིན་གཤེགས་པ་ལ་གཏོར་ཏེ། ཚིག་འདི་སྐད་དུ། བཅོམ་ལྡན་འདས་གང་ན་དཔའ
64b6 བབར་འགྲོ་བའི་ཏིང་ངེ་འཛིན་དི་རབ་ཏུ་སྤྱོད་པའི་ས་ཕྱོགས་དེ་ནི་རྡོ་རྗེ་ལྟ་བུ་ལགས་སོ། ། བཅོམ་ལྡན་འདས་གང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་བཤད་པ་ཐོས་ནས།། མོས་པར་བགྱིད།། ཡིད་ཆེས་པར
64b7 བགྱིད། ། མི་སྐྲག་མི་དངང་། དངང་བར་མི་འགྱུར་བགྱིད།། ལེན་པར་བགྱིད།། འཛིན་པར་བགྱིད། ཀློག་པར་བགྱིད། ཀུན་ཆུབ་པར་བགྱིད། འཆད་པར་བགྱིད་པའི་སེམས་ཅན་དེ་དག་ཀྱང་རྡོ་རྗེ་ལྟ་བུར
iiif viewer powered by OpenSeadragon
64a - 65a