e-texts navigator
Collection
Volume
Page
Wylie

5a1 ཀྱང་བྱུང་དུ་ཐད་མེད་པ་སང་སས་པར་རྫོགས་པའི་བྱང་ཆུ་མངོན་པར་རྫོགས་པར་འཆང་བྱ་བར་འགྱུར་བ་དང་། སེམས་ཅན་མིགས་པར་ཐམས་ཅད་དང་། བང་དུ་མངོན་པར་ཆེན་པ་ནམས་ཀྱང་། ལྷལ་ལས
5a2 དང་། སེམས་ཅན་གང་དག་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་དག་ཀྱང་ཕྱིར་མི་ལྡོག་པར་འགྱུར་བ་དང་། གང་དག་ཕྱིར་མི་ལྡོག་པ་དེ་དག་བསྐྱོད་པར་འགྱུར་བ་དང་།
5a3 སེམས་ཅན་དམན་པ་ལ་མོས་པ་རྣམས་ཀྱང་སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་ལ་མོས་པར་འགྱུར་བ་དང་། སེམས་ཅན་རྒྱ་ཆེན་པོ་ལ་མོས་པ་རྣམས་ཀྱང་མགུ་ཞིང་མཆོག་ཏུ་དགའ་བར་འགྱུར་བ་དེ་ལྟ
5a4 བུའི་ཞུ་བ་ཀུན་ཏུ་ཞུ་བར་བྱའོ་སྙམ་མོ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་བརྟན་པ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས།
5a5 པུས་མོ་གཡས་པའི་ལྷ་ང་ས་ལ་གཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། གལ་ཏེ་ཞུས་ནས
5a6 ཞུ་བ་ལུང་བསྟན་པའི་སླད་དུ། བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ
5a7 བདག་ཕྱོགས་འགའ་ཞིག་ཞུའོ། ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་བརྟན་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། བློ་གྲོས་བརྟན་པ
5a8 དྲིས་པ་ལུང་བསྟན་པའི་ཕྱིར། ཁྱོད་ལ་དེ་བཞིན་གཤེགས་པས་རྟག་ཏུ་སྐབས་ཕྱེས།། བློ་གྲོས་བརྟན་པ་ཁྱོད་ཅི་དང་ཅི་འདོད་པ་དེ་བཞིན་གཤེགས་པ་ལ་ཞུས་ཤིག་དང་། ཞུ་བ་ཞུས




iiif viewer powered by OpenSeadragon

4b - 5b

Texts on this page

S67 - 'phags pa dpa' bar 'gro ba'i ting nge 'dzin zhes bya ba theg pa chen po'i mdo