| | e-texts navigator
|
4a1 པའི་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤོབས་པའི་རྒྱན་བཀོད་པའི་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ
4a2 འཇམ་དཔལ་གཞོན་ནུར་གྱུར་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷུན་པོའི་རྩེ་འཛིན་བརྩེགས་པའི་རྒྱལ
4a3 པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་རིན་པོ་ཆེའི་བཀོད་པའི་རྒྱ་མཚོའི་བློ་གྲོས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཆེན་པོ་དང་།
4a4 བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཀོད་པ་ཆེན་པོའི་བློ་གྲོས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་པོ་ཆེ་ཆེན་པོའི་ཏོག་དང་། བྱང་ཆུབ་སེམས་དཔའ་སེམས
4a5 དཔའ་ཆེན་པོ་འོད་ཀྱི་ཏོག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་དཔལ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་བཀོད་དང་། བྱང་ཆུབ་སེམས་དཔའ
4a6 སེམས་དཔའ་ཆེན་པོ་དང་ལྡན་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐུ་བརྟན་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་བརྟན་པ་དང་། དེ་དག་ལ
4a7 སོགས་པ་བྱང་ཆུབ་སེམས་དཔའ་སུམ་ཁྲི་ཉིས་སྟོང་དང་ཐབས་གཅིག་གོ། ། གང་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ནི་གནས་པའི་བརྒྱ་བྱིན་དང་། ཚངས་པ་དང་།
4a8 བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཆོག་ཏུ་དགའ་བའི་རྒྱལ་པོ་དང་།
iiif viewer powered by OpenSeadragon
3b - 4b